ཨུ་རུ་སིའི་རྒྱལ་ཁབ་རྒྱལ་སྲུང་དོ་དམ་ལྟེ་གནས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲས་པ་ལྟར་ན། ཨུ་རུ་སིའི་དམག་ཕྱོགས་ཀྱི་སུའུ-27རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་པའོ་ལོ་ཏི་མཚོ་ཁོངས་ཀྱི་བར་སྣང་ནས་ཨ་མེ་རི་ཁའི་འགས་གཏོར་གནམ་གྲུ་གཉིས་འཕུར་འདེད་བྱས་ཟེར།
བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཉིན་དེར་པའོ་ལོ་ཏི་མཚོ་ཁོངས་ཀྱི་བར་སྣང་ནས་དམིགས་འབེན་གཉིས་ཨུ་རུ་སིའི་མཐའ་མཚམས་སུ་ཇེ་ཉེར་འགྲོ་བཞིན་པ་ཤེས་པ་དང་། ཨུ་རུ་སིའི་པའོ་ལོ་ཏིའི་གྲུ་གཟིངས་རུ་ཁག་གི་མཁའ་སྲུང་དམག་དཔུང་གི་སུའུ-27རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་མྱུར་མོར་བར་སྣང་དུ་འཕུར་ནས་ངོས་འཛིན་བྱེད་དུ་སོང་བར། དམིགས་འབེན་དེ་ནི་ཨ་མེ་རི་ཁའི་མཁའ་དམག་གི B-1སྐྱ་དམག་རྟགས་ཅན་གྱི་འཐབ་ཇུས་འགས་གཏོར་གནམ་གྲུ་གཉིས་ཡིན་པ་ཤེས། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་དེའི་རྗེས་སུ་གནམ་གྲུ་དེ་གཉིས་འཕུར་འདེད་བྱས་ཏེ། ཨུ་རུ་སིའི་མངའ་ཁོངས་སུ་བཙན་གྱིས་འཛུལ་བར་སྔོན་འགོག་བྱས།
བསྒྲགས་པ་ལྟར་ན། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་འཕུར་འདེད་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མཁའ་ཁོངས་བེད་སྤྱོད་སྒྲིག་སྲོལ་བརྩི་སྲུང་བྱས་པ་དང་། ཨ་མེ་རི་ཁའི་འགས་གཏོར་གནམ་གྲུ་ཨུ་རུ་སིའི་མཐའ་མཚམས་དང་བྲལ་རྗེས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་ཕྱིར་རྟེན་གཞིར་ལོག་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།