ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེའི་མགོ་བ་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོའི་འགྲན་རྩོད་ནང་ཞུགས་རྒྱུ་རེད།
2023.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེའི་མགོ་བ་ཏི་སིང་ཏིས་སི་ཡིས་ཚེས་ཉེར་བཞི་ཉིན་རྒྱལ་ཕྲན་མཉམ་འབྲེལ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ལ་ཡིག་ཆ་སྤྲད་དེ། སྐབས་རྗེས་མའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་འགྲན་རྩོད་ལ་ཞུགས་རྒྱུའི་ཚུལ་བསྟན།

ཏི་སིང་ཏིས་སི་ཡིས་སྤྱི་མཐུན་ཏང་ནང་ཁུལ་གྱི་ཐོག་མའི་འདེམ་བསྐོའི་ཁྲོད་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ལ་འགྲན་རྩོད་དྲག་པོ་འབྱུང་སྲིད། ཐི་ལིང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་བའི་སྐབས་སུ། ཁོ་གཉིས་ནི་ཆབ་སྲིད་མནའ་མཐུན་གྲོགས་པོ་ཡིན་ཡང་། ཉེ་སྔོན་ཐི་ལིང་ཕུའུ་ཡིས་ཏི་སིང་ཏིས་སིའི་ཆབ་སྲིད་དཔུང་འཇུག་ལ་ཤུགས་སྣོན་བྱས་ཡོད།

དམངས་ཀྱི་འདོད་བློ་སྣ་ཚོགས་ལས་མངོན་པ་ལྟར་ན། ཐི་ལིང་ཕུའུ་ཡི་རྒྱབ་སྐྱོར་གྱི་ཚད་སྤྱི་མཐུན་ཏང་གི་ཙུང་གི་འདེམ་སྒུག་པའི་ཁྲོད་ཐོག་མ་སྲུང་འཛིན་བྱས་ཡོད་ཀྱང་། ཁོ་ལ་རྒྱལ་ཚོགས་རི་བོའི་ཟིང་འཁྲུག་དང་གསང་བའི་ཡིག་ཆའི་ཐག་གཅོད་སོགས་ཉེས་དོན་དང་དམངས་དོན་གྱི་རྟོག་ཞིབ་མང་བོར་འཕྲད་ཡོད།

ཨ་མེ་རི་ཁའི་ཙུང་ཐུང་། དམངས་གཙོ་ཏང་མི་པེད་ཏིན་གྱིས་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་བསྟུད་མར་ཙུང་ཐུང་གི་འགན་ཁུར་བར་འགྲན་རྩོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད། དབྱེ་ཞིབ་མི་སྣས་བལྟས་ན། སྐབས་རྗེས་མའི་ཙུང་ཐུང་དེ་པེད་ཏིན་དང་ཐི་ལིང་ཕུའུ། ཏི་སིང་ཏིས་སི་བཅས་མི་གསུམ་གྱི་ཁྲོད་ནས་འབྱུང་སྲིད་པར་འདོད།

ཏི་སིང་ཏིས་སི་ནི་ད་ལོར་ལོ་ཞེ་བཞི་ཡིན་པ་དང་། ཧཱ་ཧྥོ་སློབ་ཆེན་གྱི་འབུམ་རམས་པ་ནས་མཐར་ཕྱིན། སྔོན་ཆད་ཨ་མེ་རི་ཁའི་མཚོ་དམག་ནས་ཕྱིར་ཐོན་པ་ཡིན། ཁོ་ཉིས་སྟོང་བཅུ་གཉིས་ལོར་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་མིར་བདམས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་ཧྥོ་ལོ་ལི་ཏཱ་མངའ་སྡེའི་མགོ་བར་བདམས་པ་ཡིན་ལ། ཉིས་སྟོང་ཉེར་གཉིས་ལོར་མངའ་སྡེའི་མགོ་བའི་ལས་འགན་བསྟུད་མར་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།