ཧན་གོས་རང་བདག་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་འཁོར་སྐར་དྲུད་ནས་བདེ་བླག་ངང་གཏོང་འཕེན་བྱས།
2023.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། ཧན་གོའི་ཆོན་ལོ་ལྷོ་ལམ་གྱི་ཀའོ་ཞིན་རྫོང་གི་ལོ་ལའོ་མཁའ་འགྲུལ་ལྟེ་གནས་སུ། ཧན་གོས་རང་བདག་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཇིག་རྟེན་རྟགས་ཅན་བར་སྣང་དུ་འཕུར་བཞིན་པ།

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། ཧན་གོའི་ཆོན་ལོ་ལྷོ་ལམ་གྱི་ཀའོ་ཞིན་རྫོང་གི་ལོ་ལའོ་མཁའ་འགྲུལ་ལྟེ་གནས་སུ། ཧན་གོས་རང་བདག་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཇིག་རྟེན་རྟགས་ཅན་བར་སྣང་དུ་འཕུར་བཞིན་པ།

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ཧན་གོའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་དོན། ཧན་གོ་རྒྱལ་ཁབ་རང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཇིག་རྟེན་རྟགས་ཅན་དེ་ཐེངས་གསུམ་པར་བདེ་བླག་ངང་གཏོང་འཕེན་བྱས་པ་དང་། མེ་ཤུགས་འཕུར་མདའ་དེས་རབས་གསར་བའི་འཁོར་སྐར་ཆུང་བ་ཨང་གཉིས་པ་དྲུད་ནས་སྔོན་ནས་གཏན་འཁེལ་བྱས་པའི་རྒྱུ་ལམ་དུ་ཞུགས་པ་རེད་ཟེར།

ཧན་གོའི་ཚན་རིག་ལག་རྩལ་ཆ་འཕྲིན་འཕྲིན་གཏོང་པུའུ་དང་ཧན་གོའི་མཁའ་འགྲུལ་བར་སྣང་ཞིབ་འཇུག་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ས་དེའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ཉེར་བཞིའི་སྟེང་། མེ་ཤུགས་འཕུར་མདའ་དེ་ཧན་གོའི་ཆོན་ལོ་ལྷོ་ལམ་གྱི་ཀའོ་ཞིན་རྫོང་གི་ལོ་ལའོ་མཁའ་འགྲུལ་ལྟེ་གནས་ནས་གཏོང་འཕེན་བྱས་ཏེ་བར་སྣང་དུ་འཕུར། མེ་ཤུགས་འཕུར་མདའ་དེས་དྲུད་པའི་འཁོར་སྐར་བརྒྱད་ཁྲོད། རབས་གསར་བའི་འཁོར་སྐར་ཆུང་བ་ཨང་གཉིས་པ་དང་། ཤོ་གཟུགས་ཅན་གྱི་འཁོར་སྐར་དྲུག་མེ་ཤུགས་འཕུར་མདའ་དང་བདེ་བླག་ངང་ཁ་བྲལ་བ་རེད། ཧན་གོའི་ལྷོ་སྣེ་ཧྲི་ཙུང་ཚན་རིག་རྟེན་གཞི་ནས་རབས་དང་པོའི་འཁོར་སྐར་ཆུང་བ་ཨང་གཉིས་པས་བཏང་བའི་བརྡ་འཕྲིན་འབྱོར་བ་དང་། འཁོར་སྐར་གཞན་པ་ཞིག་བདེ་བླག་ངང་ཁ་བྲལ་ཡོད་མིན་བདེན་དཔང་བྱས་མེད།

ཧན་གོའི་མཁའ་འགྲུལ་བར་སྣང་ཞིབ་འཇུག་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་གཏོང་འཕེན་བྱེད་པའི་གནད་འགག་ནི་འཇིག་རྟེན་རྟགས་ཅན་གྱིས་རབས་གསར་བའི་འཁོར་སྐར་ཆུང་བ་ཨང་གཉིས་པ་བདེ་བླག་ངང་སྔོན་ནས་གཏན་འཁེལ་བྱས་པའི་རྒྱུ་ལམ་དུ་འཇུག་རྒྱུ་དེ་ཡིན་པས། ཐེངས་འདིའི་གཏོང་འཕེན་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།