ཀྲུང་གུང་འཐུས་ཚབ་ཚོགས་པས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས།
2023.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། ཉིང་ཞཱ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལིང་ཡན་ཧྲོན་གྱིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཨ་བ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལས་དོན་རྒྱལ་དོན་པུའུ་ཀྲང་ལེ་མུའུ་དང་། རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཁང་གི་རྒྱལ་སྲུང་དང་ནང་སྲིད། ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལིས། འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་སུའུ་ཨར་ཐན་བཅས་ལ་ཐུག་འཕྲད་བྱེད་རྒྱུ་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ལས་རིགས་སོ་སོས་སྤེལ་བའི་ཀྲུང་གོའི་འཕེལ་རྒྱས་གསར་བ་དང་འཛམ་གླིང་གི་གོ་སྐབས་གསར་བ་ཞེས་པའི་བགྲོ་གླེང་ཚོགས་འདུར་ཞུགས་རྒྱུ་རེད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་གཞི་ཆེན་མོ་གསུམ་དང་། སོ་ཏི་ཨ་རབ་དང་དབྱི་ལིང་གི་འགྲིག་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།