སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས་ཉེར་དྲུག་ཉིན་བཀའ་རྒྱ་བཀོད་དེ། སེར་ཝེ་ཡཱའི་དམག་དཔུང་གི་དམག་གྲབས་རྣམ་པ་དེ་ཆེས་མཐོའི་རིམ་པར་མཐོར་འདེགས་བྱེད་དགོས་པ་དང་། དམག་དཔུང་དག་ཁི་སོ་བོ་ཡི་ཕྱོགས་སུ་མྱུར་མོར་བགྲོད་དགོས་པའི་བཀའ་བཏང་།
སེར་ཝེ་ཡཱའི་རྒྱལ་སྲུང་བློན་ཆེན་ཝུའུ་ཆེ་ཝེ་ཆི་ཡིས་ཉིན་དེར་བརྙན་འཕྲིན་ཐད་གཏོང་ལེ་ཚན་ཞིག་ཏུ་བསྟན་དོན། དམག་དཔུང་ལམ་དུ་ཆས་ཡོད་ཟེར།
སེར་ཝེ་ཡཱའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སེར་ཝེ་ཡཱའི་བྱ་སྤྱོད་དེ་ཁི་སོ་བོ་ཡི་སེར་ཝེ་ཡཱའི་རིགས་ཀྱི་སྡོད་དམངས་དང་ཁི་སོ་བོ་ཡི་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་བར་འབྲེལ་བ་ཡོད་ཟེར། ཉིན་དེར་ཁི་སོ་བོ་ཡི་ཉེན་རྟོག་པ་སེར་ཝེ་ཡཱའི་མི་འདུས་སྡོད་བྱེད་སའི་ཁི་སོ་བོ་བྱང་ངོས་ཀྱི་ཙི་ཝེ་ཆན་གྲོང་ཁྱེར་དུ་སོང་ནས། དུད་འཕྱུར་འགད་རྫས་སོགས་བཀོལ་ནས་སྲིད་གཞུང་ཐོག་ཁང་ཆེན་མོའི་མདུན་དུ་འདུས་པའི་ས་དེའི་མང་ཚོགས་མཐར་སྐྲོད་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།