སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་སྲིད་འཛིན་ཏང་གི་ཀྲུའུ་ཞིའི་ལས་འགན་བསྐྱུར་རྒྱུ་ཁྱབ་བསྒྲགས་བྱས།
2023.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་རྒྱལ་ས་པེ་ཨར་ཀི་ལའེ་ཏིའི་འདུ་ཚོགས་ཤིག་གི་སྟེང་གཏམ་བཤད་སྤེལ།

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་རྒྱལ་ས་པེ་ཨར་ཀི་ལའེ་ཏིའི་འདུ་ཚོགས་ཤིག་གི་སྟེང་གཏམ་བཤད་སྤེལ།

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས་ཉེར་དྲུག་ཉིན་རྒྱལ་ས་པེ་ཨར་ཀི་ལའེ་ཏི་ནས་ཁྱབ་བསྒྲགས་བྱས་དོན། ཁོས་ཚེས་ཉེར་བདུན་ཉིན་སེར་ཝེ་ཡཱའི་སྲིད་འཛིན་ཏང་། གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོ་སེར་ཝེ་ཡཱའི་མདུན་སྐྱོད་ཏང་གི་ཀྲུའུ་ཞིའི་ལས་འགན་བསྐྱུར་ནས། ཆབ་སྲིད་ལས་འགུལ་གསར་བ་འཛུགས་རྒྱུ་ཡིན་ཟེར།

ཝུའུ་ཆི་ཆི་ཡིས་ཉིན་དེར་འདུ་ཚོགས་ཤིག་གི་སྟེང་གཏམ་བཤད་སྤེལ་ཏེ། འདི་ནི་ཁོ་སེར་ཝེ་ཡཱའི་མདུན་སྐྱོད་ཏང་གི་ཀྲུའུ་ཞི་ཡིན་པའི་ཆ་ནས་ཆེས་མཇུག་མཐའི་མཚན་མོ་ཡིན། སང་ཉིན་མི་གཞན་པས་ལས་འགན་དེ་ཁུར་དུ་ལེན་སྲིད་ཟེར། ཁོས་ད་རུང་བསྟན་དོན། ཁོ་ནི་སེར་ཝེ་ཡཱའི་མདུན་སྐྱོད་ཏང་གི་གཞུང་དྲང་གི་ཏང་མི་ཞིག་ཡིན་ཟེར།

ཝུའུ་ཆི་ཆི་ཡིས་ཁྱབ་བསྒྲགས་བྱས་དོན། ཁོས་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་སེར་ཝེ་ཡཱའི་མདུན་སྐྱོད་ཏང་དང་བཅས་པའི་ཆབ་སྲིད་ལས་འགུལ་གསར་བ་ཞིག་བཙུགས་ཏེ། སེར་ཝེ་ཡཱའི་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཆབ་སྲིད་ནུས་པ་མཐོར་འདེགས་བྱས་ནས། སེར་ཝེ་ཡཱའི་མ་འོངས་པའི་ལོ་ངོ་གཉིས་ནས་གསུམ་གྱི་ཉམས་ཉེན་ཁྱད་དུ་གསོད་རྒྱུ་ཡིན་ཟེར།

ཝུའུ་ཆི་ཆི་ཡིས་ད་རུང་བསྟན་དོན། སྲིད་གཞུང་དེ་འདེམ་བསྐོ་བརྒྱུད་དེ་བདམས་ཐོན་བྱེད་དགོས་པས། བར་བརྒལ་སྲིད་གཞུང་རྩ་འཛུགས་བྱེད་མི་སྲིད་ཟེར།

སེར་ཝེ་ཡཱ་ནས་ཟླ་ལྔ་བའི་ཟླ་མགོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། བྱིས་པ་འདུས་པའི་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས། སེར་ཝེ་ཡཱའི་ས་ཁུལ་མང་བོས་ངོ་རྒོལ་བྱ་འགུལ་སྤེལ་ཏེ། དྲག་ཤུགས་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། བཅོས་བསྒྱུར་བྱས་ཏེ་ཡང་བསྐྱར་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་དགོས་པའི་རེ་བ་བཏོན།

ཝུའུ་ཆི་ཆི་ནི་ཉིས་སྟོང་བཅུ་གཉིས་ལོར་སེར་ཝེ་ཡཱའི་མདུན་སྐྱོད་ཏང་གི་ཀྲུའུ་ཞིར་བདམས་པ་དང་། ཉིས་སྟོང་བཅུ་བདུན་ལོར་ཐོག་དང་པོར་སེར་ཝེ་ཡཱའི་ཙུང་ཐུང་དུ་བདམས། ཉིས་སྟོང་ཉེར་གཉིས་ལོར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད། ཝུའུ་ཆི་ཆི་ཡིས་བསྟུད་འགན་ཁུར་བ་ཡིན་ལ། འགན་ཡུན་ལོ་ངོ་ལྔ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།