ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་ཡོན་བརྗེ་རེས་མཉམ་ལས་གླེང་སྟེགས་ཅི་ལུང་ཕོ་ནས་སྤེལ།
2023.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་ཡོན་བརྗེ་རེས་མཉམ་ལས་གླེང་སྟེགས་ལྔ་ལྔ་བའི་ཚེས་ཉེར་བདུན་ཉིན་མཱ་ལེ་ཞི་ཡཱའི་རྒྱལ་ས་ཅི་ལུང་ཕོ་ནས་སྤེལ། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་ཡོན་བརྗེ་རེས་མཉམ་ལས་ཀྱི་གོ་སྐབས་གསར་བ་ཞེས་པ་དེ་ཡིན། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་དང་། མཱ་ལེ་ཞི་ཡཱའི་སློབ་གསོ་པུའུ་ཡི་འཐུས་མི། མཱ་ལེ་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ། ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་མིང་དུ་གྲགས་པའི་རྩོམ་པ་པོ་དང་། མཁས་པ། པར་སྐྲུན་པ་སོགས་མི་སུམ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས་ཡོད།

གླེང་སྟེགས་ལ་ཞུགས་པའི་མི་སྣས་གཅིག་གྱུར་སྒོས་བལྟས་ན། ད་ལོ་ནི་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་ཐུན་མོང་ཚོགས་པ་བཙུགས་པའི་ལོ་ངོ་བཅུ་བ་ཡིན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞི་བཏོན་པའི་ལོ་བཅུ་བ་ཡིན། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་མཉམ་དུ་རིག་གནས་སྦྲེལ་ཐག་ཏུ་བྱས་ཤིང་། དཔེ་དེབ་ཟམ་པར་བྱས་ཏེ། ཕྱོགས་མང་བོ་དང་ཁྱབ་ཁོངས་སོ་སོའི་ཕྱོགས་གཉིས་དང་ཕྱོགས་མང་བོའི་པར་སྐྲུན་བརྗེ་རེས་མཉམ་ལས་སྤེལ་ནས། ཕྱོགས་གཉིས་ཀྱི་རིག་གནས་ཀྱི་ཐུན་མིན་རང་བཞིན་དང་སྣ་མང་རང་བཞིན་མངོན་པར་བྱས་ཡོད་ལ། དཔལ་ཡོན་བརྗེ་རེས་དཔེར་ལེན་ལ་ཤུགས་སྣོན་དང་། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད་པར་འདོད།

གླེང་སྟེགས་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་དངོས་འབེབས་བྱས་ཤིང་། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁར་སྐྲུན་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ན། འཛམ་གླིང་དཔལ་ཡོན་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་། སྟོབས་ཤུགས་མཉམ་སྦྲེལ་གྱིས་རྒྱལ་ཁབ་སོ་སོ་དཔལ་ཡོན་འཆམ་མཐུན་མཉམ་གནས་བཅས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས་ལ། སྒོ་འབྱེད་བཟོད་སྒོམ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་སོ་སོའི་དཔལ་ཡོན་གྱི་གྲོས་མོལ་བརྗེ་རེས་ཀྱི་ནུས་ལྡན་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས་པར་མ་ཟད། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་འཛུགས་རྒྱུན་འཁྱོངས་བྱས་ནས། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་མཉམ་འཛུགས་བྱེད་དགོས་ལ། མིའི་བར་གྱི་བརྗེ་རེས་ཀྱི་ཐབས་ལམ་གསར་བ་གསར་འབྱེད་བྱས་ཏེ་རྒྱལ་ཁབ་སོ་སོའི་མི་དམངས་ཕན་ཚུན་ཆ་རྒྱུས་ཡོད་པ་དང་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།