སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་འཁྲུག་རྩོད་དྲག་པོ་བྱས།
2023.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞི་ཨར་ལ་དཔུང་འཇུག་བྱས་པ་མཐར་སྐྲོད་བཏང་ཡོད་པ་དང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཀྲ་ལིན་ཀའེ་ཡི་མཐའ་བསྐོར་བའི་རྣམ་པ་མེད་པར་བཏང་ཡོད། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནས་བཟུང་། ས་ཁུལ་མང་བོ་ནས་དྲག་ཆས་འཁྲུག་རྩོད་བྱས་ཏེ། མི་བརྒྱད་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཡོད། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ནུས་ལྡན་དུ་གྱུར་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་ས་ཁུལ་རེ་འགའ་ནས་སྔར་བཞིན་འཁྲུག་རྩོད་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་ཕ་རོལ་བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བཏང་བར་སྐྱོན་འཛུགས་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།