ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་གྲོང་ཁྱེར་གྱི་དམག་དོན་སྡེ་ཁག་གིས་ཚེས་ཉེར་བརྒྱད་ཉིན་བཤད་བརྒྱུར། ཉིན་དེའི་ཞོགས་པར་གྲོང་ཁྱེར་དེར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐབ་འཁྲུག་བྱུང་བའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་བར་སྣང་འཇབ་རྒོལ་ཐེབས་ཡོད་ཟེར།
བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ཉིན་དེའི་བར་སྣང་འཇབ་རྒོལ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག ཨུ་རུ་སིའི་ཕྱོགས་ཀྱི་མི་བསྡད་མེད་པའི་གནམ་གྲུ་བཞི་བཅུ་ལྷག་ཅི་ཧྥུའུ་གྲོང་ཁྱེར་གྱི་མཁའ་སྲུང་མེ་ཤུགས་ཀྱིས་སར་འཕངས་པ་དང་། མི་བསྡད་མེད་པའི་གནམ་གྲུའི་ཆག་རོ་གྲོང་ཁྱེར་དེའི་ས་ཁུལ་མང་བོའི་ཁང་བ་སོགས་ལ་ཕོག་ནས་མེ་སྐྱོན་བྱུང་ཡོད་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་ཕྱོགས་ཀྱིས་མི་བསྡད་མེད་པའི་གནམ་གྲུ་ང་བཞི་མངག་ནས། བྱང་ཕྱོགས་དང་ལྷོ་ཕྱོགས་སོགས་ཀྱི་ཕྱོགས་ནས་ཝུའུ་ཁི་ལན་ལ་འཇབ་རྒོལ་བྱས་པ་རེད་ཟེར།
མིག་སྔར་ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་འདིའི་བར་སྣང་འཇབ་རྒོལ་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།