ནེ་ཀྲི་རི་ཡཱའི་ཙུང་ཐུང་གསར་བ་ཐིས་ནོའུ་པུའུ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2023.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། ནེ་ཀྲི་རི་ཡཱའི་ཙུང་ཐུང་གསར་བ་ཐིས་ནོའུ་པུའུ་ཡིས་རྒྱལ་ས་ཨ་པུའུ་ཅཱ་ནས་སྤེལ་བའི་དམག་གཟིགས་མཛད་སྒོའི་སྟེང་ལག་བརྡ་བཏང་ནས་གུས་སེམས་སྟོན་བཞིན་པ།

ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། ནེ་ཀྲི་རི་ཡཱའི་གསར་དུ་བདམས་པའི་ཙུང་ཐུང་ཐིས་ནོའུ་པུའུ་ཡིས་རྒྱལ་ས་ཨ་པུའུ་ཅཱ་ནས་སྤེལ་བའི་དམག་གཟིགས་མཛད་སྒོའི་སྟེང་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ནེ་ཀྲི་རི་ཡཱའི་གསར་དུ་བདམས་པའི་ཙུང་ཐུང་ཐིས་ནོའུ་པུའུ་ཡིས་ཚེས་ཉེར་དགུ་ཉིན་རྒྱལ་ས་ཨ་པུའུ་ཅཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ནེ་ཀྲི་རི་ཡཱའི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་ཨ་ལི་ཝུའུ་ལཱ་ཡི་བདེན་དཔང་འོག ཐིས་ནོའུ་པུའུ་ཡིས་འབྲེལ་ཡོད་ཡིག་ཆ་བཀོད་དེ། དངོས་སུ་ནེ་ཀྲི་རི་ཡཱའི་སྐབས་གསར་བའི་ཙུང་ཐུང་དུ་གྱུར་བ་རེད། དེའི་རྗེས་སུ། ཐིས་ནོའུ་པུའུ་དམག་གཟིགས་རླངས་འཁོར་ལ་བུད་ནས་དམག་གཟིགས་མཛད་སྒོ་མགོ་བརྩམས།

དམག་གཟིགས་མཛད་སྒོ་མཇུག་སྒྲིལ་རྗེས། ཐིས་ནོའུ་པུའུ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ། ཁོས་བསྟན་དོན། སྲིད་གཞུང་གསར་བའི་ལས་འགན་གཙོ་བོ་ནི་འཇིགས་སྐུལ་རིང་ལུགས་དང་ནག་ཉེས་བྱ་འགུལ་སྣ་ཚོགས་ལ་ཆམ་ཕབ་གཏོང་བ་དང་། ཞོར་དུ་དཔལ་འབྱོར་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། སྔར་ལས་མགྱོགས་པའི་འཕར་སྣོན་མངོན་འགྱུར་བྱེད་པ་དང་། ལས་ཞུགས་གསར་སྐྲུན་དང་དབུལ་ཕོངས་སེལ་བ། བསྟུད་མར་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ད་ལོར་ལོ་དོན་གཅིག་ཡིན་པའི་ཐིས་ནོའུ་པུའུ་ཡིས་སྔོན་ཆད་ནེ་ཀྲི་རི་ཡཱའི་ལཱ་ཀི་སི་མངའ་སྡེའི་མགོ་བའི་འགན་ཁུར་མྱོང་བ་དང་། ཁོ་ད་ལོའི་ཟླ་གཉིས་པར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད། མི་དམངས་དམངས་གཙོ་ཏང་གི་ཙུང་ཐུང་འདེམ་སྒུག་པ་ཨ་པུའུ་པཱ་ཁཱ་ཨར་དང་བཟོ་བའི་ཏང་གི་འདེམ་སྒུག་པ་ཨོ་པུས་ལས་རྣམ་པར་རྒྱལ་ནས་ཙུང་ཐུང་དུབདམས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།