སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་ཚེས་ཉེར་དགུ་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཁོས་ཟླ་བཅུ་གཉིས་པར་གཏན་འཁེལ་བྱས་པའི་འདེམ་བསྐོའི་བྱ་འགུལ་ཆེན་མོ་དེ་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་སྔ་སྣུར་གྱིས་སྤེལ་རྒྱུ་ཐག་བཅད།
སིང་ཆེ་སི་ཡིས་བཤད་རྒྱུར། ཁོས་སི་ཕན་གྱི་རྒྱལ་བོ་ཧྥེ་ལེ་ཕའེ་སྐུ་ཕྲེང་དྲུག་པར་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས་ཡོད་པ་དང་། ནེ་ཀིའི་གྲོས་ཚོགས་ནས་ཉིན་དེའི་ཕྱི་དྲོར་ཁྲིམས་ལྟར་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་འདེམ་བསྐོ་ཆེན་མོའི་བྱ་འགུལ་སྤེལ་བའི་ཆོད་དོན་བཏོན་པ་རེད། ཆོད་དོན་དེ་ཚེས་སུམ་ཅུ་ཉིན་གཞུང་ཕྱོགས་ཀྱི་ཚགས་པར་སྟེང་དངོས་སུ་ཁྱབ་བསྒྲགས་བྱེད་རྒྱུ་རེད།
སིང་ཆེ་སི་ཡིས་བཤད་རྒྱུར། སི་ཕན་གྱི་དབུ་བཞུགས་བློན་ཆེན་དང་བཟོ་བའི་སྤྱི་ཚོགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཆ་ནས། ཁོ་རང་ཉིད་ཀྱིས་ས་གནས་འདེམ་བསྐོའི་ཁྲོད་ཀྱི་ཕམ་ཉེས་མཇུག་འབྲས་ལ་འགན་ཁུར་རྒྱུ་མ་ཟད། དགོས་ངེས་ཀྱི་ལན་སྟེར་དགོས་པར་འདོད་ཡོད་ཟེར།
ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། སི་ཕན་རྒྱལ་ཡོངས་ཀྱི་རང་སྐྱོང་ས་ཁུལ་བཅུ་བདུན་ཁྲོད་ཀྱི་བཅུ་གཉིས་དང་གྲོང་ཁྱེར་རམ་གྲོང་རྡལ་སྟོང་བརྒྱ་དང་བརྒྱ་དང་སོ་གཅིག་ནས་ས་གནས་གྲོས་ཁང་དང་སྲིད་གཞུང་གི་སྐབས་བརྗེ་འདེམ་བསྐོའི་བྱ་འགུལ་སྤེལ། རང་སྐྱོང་ས་ཁུལ་གྱི་འདེམ་བསྐོའི་བྱ་འགུལ་ཁྲོད་སི་ཕན་གྱི་དབུས་གཡས་ཕྱོགས་སྲིད་ཏང་མི་དམངས་ཏང་གིས་མཱ་ཏི་ལི་དང་ལཱ་ལི་ཨོ་ཧཱ་ནས་ས་གནས་གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ་པར་མ་ཟད། པཱ་ལོན་ཞི་ཡཱ་དང་ཨ་ལཱ་ཀུང་། པཱ་ལེ་ཨ་ལི་གླིང་ཚོམས། མུའུ་ཨར་ཞི་ཡཱ། ཁན་ཐཱ་ཧྥུའུ་ལི་སོགས་ནས་ཀྱང་འདེམ་ཤོག་ཐོབ་ཚད་ཆེས་མཐོ་བའི་སྲིད་ཏང་དུ་གྱུར་ཡོད། དེ་ལས་གཞན་མི་དམངས་ཏང་ལ་གྲོང་ཁྱེར་རམ་གྲོང་རྡལ་གྱི་འདེམ་བསྐོའི་ཁྲོད་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་ལྔ་དང་། བརྒྱ་ཆའི་ཉེར་བརྒྱད་ཀྱི་འདེམ་ཤོག་ཐོབ་ཚད་ཀྱིས་བཟོ་བའི་སྤྱི་ཚོགས་ཏང་ལས་ལྷག་པར་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།