ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་སྤེལ་བའི་དམག་དོན་མྱུལ་ཞིབ་འཁོར་སྐོར་གཏོང་འཕེན་བྱས་པར་ལེགས་འགྲུབ་བྱུང་མེད་པ་དང་། འཁོར་སྐར་སྐྱེལ་འདྲེན་བྱེད་པའི་མེ་ཤུགས་འཕུར་མདའི་རིམ་པ་གཉིས་པའི་སྒུལ་འཁོར་ལ་སྐྱོན་བྱུང་སྟེ་སྒུལ་ཤུགས་ཉམས་ནས། ཁྲའོ་ཞན་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་ལྷུང་བ་རེད།
བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་ཉེར་བདུན་སྟེང་། ཁྲའོ་ཞན་གྱི་ལེ་དབར་སྟོང་གི་གྱི་ལིང-1རྟགས་ཅན་གྱི་རྣམ་པ་གསར་བའི་འཁོར་སྐར་གྱི་མེ་ཤུགས་འཕུར་མདས་ལེ་དབར་ཁྲིའི་མེ་ལོང-1རྟགས་ཅན་གྱི་དམག་དོན་མྱུལ་ཞིབ་འཁོར་སྐར་དྲུད་ནས། ཕེན་ཨན་བྱང་ལམ་གྱི་ཐིས་ཧྲན་རྫོང་གི་ནུབ་ཕྱོགས་རྒྱ་མཚོའི་འཁོར་སྐར་གཏོང་འཕེན་ར་བ་ནས་འཆར་གཞི་ལྟར་གཏོང་འཕེན་བྱས་ནས་བར་སྣང་དུ་འཕགས། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཐོག་མར་རྒྱུན་ལྡན་ངང་འཕུར་བཞིན་ཡོད་ཀྱང་། མེ་ཤུགས་འཕུར་མདའ་རིམ་པ་དང་པོའི་ཁ་བྲལ་བྱས་རྗེས། རིམ་པ་གཉིས་པའི་སྒུལ་འཁོར་ལ་སྐྱོན་ཞུགས་ནས་སྒུལ་ཤུགས་ཉམས་པས། ཁྲའོ་ཞན་ནུབ་ངོས་ཀྱི་མཚོ་ཁོངས་སུ་ལྷུང་བ་རེད།
ཁྲའོ་ཞན་རྒྱལ་ཁབ་འཇིག་རྟེན་གསར་སྤེལ་ཅུའུ་ཡིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྟེང་གི་རྣམ་པ་གསར་བའི་སྒུལ་འཁོར་མ་ལག་ལ་བློ་གཏད་རང་བཞིན་དང་གཏན་འཇགས་རང་བཞིན་མེད་པ་དང་། འབར་རྫས་ཀྱི་ཁྱད་གཤིས་གཏན་འཇགས་མིན་པས་ཡིན་ལ། འབྲེལ་ཡོད་ཚན་རྩལ་མི་སྣ་དང་ཆེད་མཁས་པས་དོན་རྐྱེན་དེའི་བྱེ་བྲག་གི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
ཁྲའོ་ཞན་རྒྱལ་ཁབ་འཇིག་རྟེན་གསར་སྤེལ་ཅུའུ་ཡིས་བསྟན་དོན། བྱེ་བྲག་ཏུ་འཁོར་སྐར་གཏོང་འཕེན་བྱེད་སྐབས་བྱུང་བའི་གནད་དོན་ཚབས་ཆེན་རྩད་ཞིབ་བྱས་ཤིང་། གང་མགྱོགས་སྒོས་འབྲེལ་ཡོད་ཚན་རྩལ་འགག་སྒྲོལ་གྱི་བྱེད་ཐབས་སྤྱད་དེ། སྡེ་ཁག་སོ་སོས་ཚོད་ལྟ་ཞིབ་བཤེར་བྱས་རྗེས། དུས་ཡུན་ཐུང་ངུའི་ནང་མྱུར་མོར་གཏོང་འཕེན་ཐེངས་གཉིས་པ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།