ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་ཕྱི་འབྲེལ་དཔོན་པོ་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།
2023.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 64

ཟླ་དྲུག་པའི་ཚེས་གཅིག་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་འཐུས་མི་ཧྥོ་ལིང་ཞི་སི་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་རྗེས་སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁི་ལེ་ཞེ་ལ་ལག་འཇུ་བྱེད་བཞིན་པ།

ཟླ་དྲུག་པའི་ཚེས་གཅིག་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་འཐུས་མི་ཧྥོ་ལིང་ཞི་སི་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་རྗེས་གཏམ་བཤད་སྤེལ།

ཟླ་དྲུག་པའི་ཚེས་གཅིག་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་འཐུས་མི་ཧྥོ་ལིང་ཞི་སི་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་རྗེས་གསར་འགོད་པར་གཏམ་བཤད་སྤེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་འཐུས་མི་ཧྥོ་ལིང་ཞི་སི་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས།

ཧྥོ་ལིང་ཞི་སི་བདམས་ཐོན་བྱུང་རྗེས་གཏམ་བཤད་སྤེལ་ནས། ཁོངས་གཏོགས་རྒྱལ་ཁབ་ཚང་མའི་ཁེ་དབང་འདྲ་མཉམ་རྩ་དོན་ཡིད་ལ་དམ་པོར་བཟུང་སྟེ། མངོན་གསལ་དང་འགན་ཁུར་བ། གསོན་ཤུགས་ལྡན་པ། གཏོང་ཕོད་ཆེ་བའི་རྣམ་འགྱུར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞི་མཐུན་དང་མཉམ་ལས། ཕྱོགས་སོ་སོས་མཉམ་དུ་འབད་འབུངས་བྱེད་པའི་འགྲན་རྩོད་ཐག་གཅོད་ཀྱི་སྣང་ཚུལ་ཞིག་བསྐྲུན་འདོད་ཡོད་ཟེར།

ཧྥོ་ལིང་ཞི་སི་ཡིས་བཤད་རྒྱུར། ཁོའི་བྱ་བའི་གཙོ་གནད་ནི་རྣམ་པ་སྣ་ཚོགས་པའི་དོན་སྙིང་ལྡན་པའི་གྲོས་མོལ་ལ་སྐུལ་འདེད་བཏང་ནས། བྱ་བའི་གཙོ་གནད་གསལ་བོ་དང་ཐུན་མོང་དམིགས་འབེན་ཇེ་དྲག་ཏུ་གཏོང་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཧྥོ་ལིང་ཞི་སི་ཡིས་ད་ལོའི་ཟླ་དགུ་བར་སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁི་ལེ་ཞེ་ཡི་ཚབ་ཏུ་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ་གཅིག་རེད།

ཧྥོ་ལིང་ཞི་སི་ཡིས་ཉིས་སྟོང་དྲུག་ལོ་ནས་ཉིས་སྟོང་བཅུ་གཅིག་ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་དོན་གཅོད་ཁང་དང་སུའེ་ཙེར་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མིའི་འགན་ཁུར་བ་དང་། ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་ཕྱི་འབྲེལ་པུའུ་ཡི་ཕྱོགས་མང་འབྲེལ་བའི་ཟི་ཀྲང་གི་འགན་ཁུར། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་འཐུས་མིའི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།