འཛམ་གླིང་ནམ་ཟླའི་ཚོགས་ཆེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམངས་ཡོངས་ཀྱི་སྔོན་དཔག་ཉེན་བརྡ་གཏོང་བའི་གྲོས་གཞི་དངོས་འབེབས་བྱེད་པ་ཐོག་མའི་འཐབ་ཇུས་སུ་བྱེད་རྒྱུ་ཁས་ལེན་བྱས།
2023.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

ཚོགས་ཡུན་ཉིན་བཅུ་གཉིས་ཡིན་པའི་སྐབས་བཅུ་དགུ་བའི་འཛམ་གླིང་ནམ་ཟླའི་ཚོགས་ཆེན་ཚེས་གཉིས་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོལ། ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ་འཛམ་གླིང་ནམ་ཟླའི་རྩ་འཛུགས་ཀྱི་ལས་འགན་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམངས་ཡོངས་ཀྱི་སྔོན་དཔག་ཉེན་བརྡ་གཏོང་བའི་གྲོས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དངོས་སུ་ཁས་ལེན་བྱེད་རྒྱུ་དེ་ཡིན། ཉིས་སྟོང་ཉེར་བདུན་ལོའི་ལོ་མཇུག་བར་འཛམ་གླིང་ཡོངས་ཀྱི་མི་ཚང་མས་ནམ་ཟླའི་སྔོན་དཔག་ཞབས་ཞུ་མཉམ་སྤྱོད་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།

འཛམ་གླིང་ནམ་ཟླའི་རྩ་འཛུགས་ཀྱིས་ཆོད་དོན་ཁྲོད་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམངས་ཡོངས་ཀྱི་སྔོན་དཔག་ཉེན་བརྡ་གཏོང་བའི་གྲོས་གཞི་དེ་འཛམ་གླིང་ནམ་ཟླའི་རྩ་འཛུགས་ཀྱི་ཕྱིན་ཆད་ཀྱི་ལོ་ངོ་བཞིའི་ཐོག་མའི་འཐབ་ཇུས་སུ་བྱས་ཏེ་ནམ་ཟླ་དང་། སྤྱི་ཚོགས། ལག་རྩལ་གྱི་འགྱུར་ལྡོག་བཅས་ཀྱི་དུས་རབས་སུ་སྣེ་ཁྲིད་ནུས་པ་འདོན་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམངས་ཡོངས་ཀྱི་སྔོན་དཔག་ཉེན་བརྡ་གཏོང་བའི་གྲོས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིས་སྟོང་ཉེར་གཉིས་ལོར་བཏོན་པ་དང་། དམིགས་ཡུལ་ནི་ཉིས་སྟོང་ཉེར་བདུན་ལོའི་ལོ་མཇུག་བར་འཛམ་གླིང་ཡོངས་ཀྱི་མི་ཚང་མས་ནམ་ཟླའི་ཚོད་དཔག་ཉེན་བརྡའི་མ་ལག་གི་སྲུང་སྐྱོབ་མཉམ་སྤྱོད་ཐུབ་པ་དང་། ཐལ་དྲགས་པའི་ནམ་ཟླ་དང་། ཆུ་ལོག ནམ་ཟླའི་གནད་དོན་དོན་རྐྱེན་བཅས་ཀྱི་ཤུགས་རྐྱེན་ཐེབས་པར་སྔོན་འགོག་ཐུབ་པར་འགན་སྲུང་བྱེད་ཆེད་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།