ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་སྡེ་ཚོགས་ཀྱིས་འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞིར་ངོ་རྒོལ་བྱས།
2023.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཐུན་མོང་དམངས་གཙོ་ཏང་གིས་ཚེས་གསུམ་ཉིན་ཧྥོ་ཧྲན་ནས་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་ཧྥུའུ་ཏའོ་ཉིང་རྡུལ་གྱི་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱས་པ་དང་། ཞོར་དུ་ཧན་གོའི་སྲིད་གཞུང་གིས་འཇར་པན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞི་སྣང་མེད་དུ་བསྐྱུར་བར་སྐྱོན་བརྗོད་བྱས།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུན་མོང་དམངས་གཙོ་ཏང་གི་ཏང་གཙོ་ལིས་ཙེ་མེན་ཉིན་དེར་ཧྥོ་ཧྲན་ནས་སྤེལ་བའི་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོ་གཏོང་བར་ངོ་རྒོལ་དང་རྒོལ་གཏམ་གཏོང་བའི་ཚོགས་ཆེན་ལ་ཞུགས་པ་དང་། མི་སྟོང་ལྔ་ཙམ་འདུ་ཚོགས་ལ་ཞུགས་ཡོད་ཟེར།

ལིས་ཙེ་མེན་གྱིས་འདུ་ཚོགས་སྟེང་བཤད་རྒྱུར། ཧན་གོའི་ཙུང་ཐུང་ཡུན་ཞེ་ཡའོ་ཡིས་འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་མི་ཆོག་པའི་ལངས་ཕྱོགས་རྒྱས་བཤད་གསལ་བོ་བྱེད་དགོས་པར་མ་ཟད་འཇར་པན་ཕྱོགས་ལ་ངོ་རྒོལ་དྲག་པོ་བྱེད་དགོས་ཟེར། ལིས་ཙེ་མེན་གྱིས་ཧན་གོའི་སྲིད་གཞུང་གིས་འཇར་པན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞིར་བདེ་འཇགས་རང་བཞིན་གྱི་ཞིབ་བཤེར་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།