ཀྲུང་གོ་དང་ཨ་ཀིན་ཐེན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་འཆར་འགོད་བཀོད།
2023.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

གསར་འགོད་པས་ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཀྲུང་གོ་དང་ཨ་ཀིན་ཐེན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་འཐུས་མིས་པེ་ཅིང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨ་ཀིན་ཐེན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྐོར་གྱི་མཉམ་ལས་འཆར་འགོད་བཀོད།

མཚམས་སྦྱོར་བྱས་པ་ལྟར་ན། མཉམ་ལས་འཆར་འགོད་ལས་ཀྲུང་གོ་དང་ཨ་ཀིན་ཐེན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྐོར་གྱི་ཐུན་མོང་ལྟ་ཚུལ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་པ་དང་། སྒོ་འབྱེད་དང་ལྷད་མེད། སྤྱོད་གཙང་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་སྒོས། ཚད་གཞི་མཐོ་བ་དང་རྒྱུན་མཐུད་ཐུབ་པ། དམངས་འཚོར་ཕན་པ་བཅས་དམིགས་འབེན་དུ་བྱེད་པ་དང་། སྲིད་ཇུས་འབྲེལ་འདྲིས་དང་སྒྲིག་ཆས་གཅིག་བརྟེན། ཉོ་ཚོང་བཀག་མེད། དངུལ་ལོར་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ལ་དམིགས་ནས། ཕྱོགས་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས། དཔལ་འབྱོར་ཉོ་ཚོང་། དངུལ་ལོར། མི་གཞུང་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།