ཀྲུང་གོའི་ཤར་ཕྱོགས་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱའི་དམག་དོན་གྲུ་གཟིངས་ཐེ་ཝན་མཚོ་འགག་བརྒྱུད་པའི་ཐད་ནས་གཏམ་བཤད་སྤེལ།
2023.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་གོའི་ཤར་ཕྱོགས་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་སྐམ་དམག་གི་ཏཱ་ཞའོ་ཧྲི་དབྱེ་ཡིས་བསྟན་དོན། ཟླ་དྲུག་པའི་ཚེས་གསུམ་ཉིན། ཨ་མེ་རི་ཁའི་ཀྲུང་ཡུན་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་དང་ཁཱ་ནཱ་ཏཱའི་མིན་ཐི་ལེ་ཨར་རྟགས་ཅན་གྱི་འགོག་སྲུང་གྲུ་གཟིངས་ཐེ་ཝན་མཚོ་འགག་བརྒྱུད་པ་དང་མངོན་སུམ་འཛེམ་མེད་ཀྱིས་འུད་བརྗོད་བྱས། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཤར་ཕྱོགས་འཐབ་ཁུལ་གྱིས་མཚོ་དམག་དང་མཁའ་དམག་རྩ་འཛུགས་བྱས་ཏེ་བཞུད་ལམ་ཧྲིལ་བོར་ལྟ་རྟོག་དོགས་ཟོན་བྱས་པ་དང་ཁྲིམས་སྲོལ་ལྟར་ཐག་གཅོད་བྱས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐེ་ཝན་ས་ཁུལ་ནས་བསམ་བཞིན་དུ་དོན་རྐྱེན་བཟོས་པ་དང་། ཉེན་ཁའི་འགྲན་སློང་བྱས་ནས་བསམ་སྦྱོར་ངན་པས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་གཏོར་བརླག་བཏང་ནས། ཐེ་ཝན་རང་བཙན་སྟོབས་ཤུགས་ལ་ནོར་འཆུག་གི་བརྡ་བསྟན་ཡོད། འཐབ་ཁུལ་དམག་དཔུང་གིས་དུས་ངེས་མེད་དུ་དོགས་ཟོན་མཐོར་འདེགས་བྱས་ཤིང་། དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ། འཇིགས་ཉེན་དང་དཀྲུག་འཕེན་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་བདག་དབང་གི་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།