ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཕྱོགས་མང་བོ་ནས་ཝུའུ་ཁི་ལན་གྱི་མི་སྣ་དང་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་བཏང་བ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གི་མེ་ཤུགས་འཕུར་མདའ་དང་སྐོར་བསྐྱོད་འཕུར་མདའ་མང་བོ་བཀག་འགོག་བྱས་ཟེར། ཨུ་རུ་སིའི་པེ་ཨར་ཀི་ལོ་ཏི་མངའ་སྡེ་ཕྱོགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། མངའ་སྡེ་དེའི་ས་ཁུལ་མང་བོར་མུ་མཐུད་དུ་ཝུའུ་ཁི་ལན་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་པ་དང་། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག་ཟེར།
ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་སོགས་ཀྱི་ཕྱོགས་ནས་ཨུ་རུ་སིའི་དམག་དཔུང་བར་འཁྲུག་རྩོད་བྱས་པ་དང་། ཨུ་རུ་སིའི་དམག་དཔུང་གི་དམག་མི་དང་སྒྲིག་ཆས་གཅིག་བསྡུས་ས་ཁུལ་དང་དམག་དོན་བཀོད་འདོམ་བྱེད་ས་སོགས་ལ་ཆམ་ཕབ་བཏང་ཡོད་ཟེར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ད་རུང་བཤད་རྒྱུར། ཚེས་བཞི་ཉིན་གྱི་ཞོགས་པར་ཅི་ཧྥུའུ་ལ་བར་སྣང་འཇབ་རྒོལ་ཐེབས་པ་དང་། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་མཁའ་སྲུང་མ་ལག་བེད་སྤྱོད་བྱེད་མགོ་བརྩམས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།