ཨ་མེ་རི་ཁའི་ལུའུ་དབྱེ་སི་ཨན་ནཱ་མངའ་སྡེའི་སྣུམ་གསོག་སྒྲིག་ཆས་ཤིག་ལ་མེ་སྐྱོན་བྱུང་།
2023.06.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཚེས་གསུམ་ཉིན་ཨ་མེ་རི་ཁའི་ལུའུ་དབྱེ་སི་ཨན་ནཱ་མངའ་སྡེའི་ལའེ་ཁི་ཁྲ་ཨར་སི་ས་ཁུལ་གྱི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཞིག་གི་སྣུམ་གསོག་སྒྲིག་ཆས་ལ་མེ་སྐྱོན་བྱུང་སྟེ་ཡུལ་དངོས་སུ་དུད་ནག་ལྷོག་ལྷོག་འཕྱུར། ཉེ་འདབས་ཀྱི་ས་ཁོངས་མི་འདྲ་བའི་སྡོད་དམངས་དང་ཁེ་ལས་ལ་ཡུལ་གཞན་དུ་འགྲོ་བའམ་ས་གནས་རང་ནས་ཉེན་ཡོལ་བྱེད་དགོས་པའི་བཀའ་རྒྱ་འབྱོར་ཡོད། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མེ་སྐྱོན་བྱུང་བའི་སྒྲིག་ཆས་ནང་དུ་མ་བཅོས་རྡོ་སྣུམ་ཐོན་རྫས་ཟོ་ཁྲི་བཞི་དང་སྟོང་དྲུག་ཙམ་གསོག་ཉར་བྱས་ཡོད་པ་དང་། སྒྲིག་ཆས་དེ་ལ་ཉིན་དེར་ཐོག་ཞགས་ཕོག་པ་ཡིན་ལ། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་མཁའ་དབུགས་ཀྱི་སྤུས་ཚད་ལ་ལྟ་ཞིབ་ཚད་འཇལ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།