ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་བུད་མེད་སློབ་ཆུང་ཞིག་ཏུ་མི་དགུ་བཅུར་དུག་ཕོག
2023.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་སཱ་ཨར་ཕུའུ་ལེ་ཞིང་ཆེན་གྱི་དཔོན་རིགས་ཤིག་གིས་ཚེས་ལྔ་ཉིན་བཤད་རྒྱུར། ཞིང་ཆེན་དེའི་སིང་ཁྲ་ལཱ་ཁི་ས་ཁུལ་གྱི་བུད་མེད་སློབ་ཆེན་ཞིག་ཏུ་ཚེས་བཞི་ཉིན་གཅིག་བསྡུས་དུག་ཕོག་དོན་རྐྱེན་བྱུང་སྟེ། མི་དགུ་བཅུར་དུག་ཕོག་ཡོད།

སཱ་ཨར་ཕུའུ་ལེ་ཞིང་ཆེན་གྱི་བརྡ་འཕྲིན་དང་རིག་གནས་སྡེ་ཁག་གི་འགན་ཁུར་བ་སཱ་ལི་ཧྥུའུ་ལེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧྥ་ཀྲ་པཱ་ཏི་བུད་མེད་སློབ་ཆེན་གི་སློབ་མ་དོན་བདུན་དང་དགེ་རྒན་བདུན། ཁྱིམ་བདག་ལྔ། དེ་མིན་སློབ་གྲྭ་གཞན་པའི་ལས་བྱེད་མི་སྣ་གཅིག་བཅས་ལ་དུག་ཕོག མིག་སྔར་དུག་ཕོག་མཁན་གྱི་གནས་ཚུལ་གཏན་འཁེལ་རེད་ཟེར།

དཔོན་རིགས་དེས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་མགོ་བརྩམས་ཡོད་ཟེར་ཡང་། འབྲེལ་ཡོད་ཀྱི་ནང་དོན་ཞིབ་མོ་གསལ་བོར་བཤད་མེད།

སྡེའི་སྡེ་མིས་བསྟན་དོན། དུག་ཕོག་མཁན་རྣམས་ཚེས་བཞི་ཉིན་བསྟུད་མར་སྨན་ཁང་དུ་བསྐྱལ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།