པུར་ཀ་རི་ཡཱའི་གྲོས་ཁང་གིས་ཆོག་མཆན་བཀོད་དེ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱས།
2023.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

པུར་ཀ་རི་ཡཱའི་གྲོས་ཁང་གིས་ཚེས་དྲུག་ཉིན་ཆོག་མཆན་བཀོད་དེ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱས་པ་དང་། ང་ཚོས་མུ་མཐུད་བཅོས་བསྒྱུར་བྱེད་ཅེས་པའི་སྲིད་ཏང་མནའ་འབྲེལ་གྱིས་མིང་བཏོན་པའི་ཏིན་ཁི་ཧྥུའུ་ཡིས་ཙུང་ལིའི་འགན་ཁུར།

པུར་ཀ་རི་ཡཱའི་གྲོས་ཁང་ནས་ཉིན་དེར་འདེམ་ཤོག་བརྒྱ་དང་སོ་གཅིག་ཡིད་འཐད་བྱུང་བ་དང་། འདེམ་ཤོག་རེ་དགུས་ངོ་རྒོལ་བྱེད་པའི་བརྡས་གཅོད་མཇུག་འབྲས་ཀྱིས་སྐབས་གསར་བའི་སྲིད་གཞུང་གི་ཁོངས་མིའི་མིང་ཐོར་གྲོས་འཆམ་བྱུང་བ་རེད། སྲིད་གཞུང་གསར་བར་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་གཅིག་དང་། པུའུ་ཀྲང་གཞན་པ་བཅོ་བརྒྱད་ཡོད་ལ། ཅཱ་པུའུ་ལི་ཨེ་ཨར་གྱིས་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་རྒྱུ་རེད།

ང་ཚོས་མུ་མཐུད་བཅོས་བསྒྱུར་བྱེད་ཅེས་པའི་སྲིད་ཏང་མནའ་འབྲེལ་དང་སྔོན་ཆད་ཀྱི་སྲིད་འཛིན་ཏང་པུར་ཀ་རི་ཡཱའི་སྤྱི་དམངས་ཏང་ཡོད་སའི་སྲིད་ཏང་མནའ་འབྲེལ་གྱིས་བཀོད་པའི་གྲོས་མཐུན་ལྟར་ན། ཏིན་ཁི་ཧྥུའུ་དང་ཅཱ་པུའུ་ལི་ཨེ་ཨར་གཉིས་ཟླ་ངོ་དགུའི་རྗེས་སུ་ཙུང་ལིའི་ལས་འགན་བརྗེ་སྤོར་བྱེད་རྒྱུ་རེད།

པུར་ཀ་རི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཞི་བའི་ཚེས་དྲུག་ཉིན་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ལྟར་ན། པུར་ཀ་རི་ཡཱའི་སྤྱི་དམངས་ཏང་ཡོད་སའི་སྲིད་ཏང་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཁང་གི་ལས་གནས་ཉིས་བརྒྱ་དང་བཞི་བཅུའི་ཁྲོད་ཀྱི་ལས་གནས་རེ་དགུ་ཐོབ་ནས། སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་པ་དང་། ང་ཚོས་མུ་མཐུད་བཅོས་བསྒྱུར་བྱེད་ཅེས་པའི་སྲིད་ཏང་མནའ་འབྲེལ་ལ་ལས་གནས་རེ་བཞི་ཐོབ་ཡོད། ཡིན་ཡང་པུར་ཀ་རི་ཡཱའི་སྤྱི་དམངས་ཏང་ཡོད་སའི་སྲིད་འཛིན་མནའ་འབྲེལ་གྱིས་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་ཐུབ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།