སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་བྱས།
2023.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དྲུག་པའི་ཚེས་དྲུག་ཉིན། སོ་ཏི་ཨ་རབ་ཀྱི་ལེ་ཡཱ་ཏི་ནས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་པུས་ཀི་ཏི་ལེ་དང་། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཡུག་སོ་ཧྥུའུ་སོགས་སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་པའི་མཛད་སྒོར་ཞུགས།

ཟླ་དྲུག་པའི་ཚེས་དྲུག་ཉིན། སོ་ཏི་ཨ་རབ་ཀྱི་ལེ་ཡཱ་ཏི་ནས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་པུས་ཀི་ཏི་ལེ་དང་། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཡུག་སོ་ཧྥུའུ་སོགས་སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་པའི་མཛད་སྒོར་ཞུགས།

སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་གིས་ཚེས་དྲུག་ཉིན་ཡང་བསྐྱར་སྒོ་འབྱེད་པའི་མཛད་སྒོ་སྤེལ་བ་དང་། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་པུས་ཀི་ཏི་ལེ་དང་། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཡུག་སོ་ཧྥུའུ་སོགས་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་མཛད་སྒོར་ཞུགས།

པུས་ཀི་ཏི་ལེ་ཡིས་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་པའི་མཛད་སྒོའི་སྟེང་བཤད་རྒྱུར། ང་ཚོས་བལྟས་ན་དེ་རིང་ནི་དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་ཁྲོད་ཀྱི་ཉིན་མོ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དུས་རབས་གསར་བར་བསླེབས་པ་མཚོན་ཡོད་ཟེར།

སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གཞུང་ཚབ་ཁང་དེ་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་ཡོད་པ་དང་། དེའི་སྔོན་རྒྱལ་ཁབ་གཉིས་བར་འབྲེལ་ཐག་ཆད་པའི་དབང་གིས་སྒོ་བརྒྱབ་ཡོད་ལ། ཉེ་སྔོན་ཡང་བསྐྱར་ཞིག་གསོ་གསར་བསྒྱུར་བྱས་ཡོད།

སོ་ཏི་ཨ་རབ་དང་དབྱི་ལིང་བར་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་ཆད་པ་རེད། ཀྲུང་གོའི་བར་འདུམ་འོག སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་འཐུས་མིས་ད་ལོའི་ཟླ་གསུམ་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར་པེ་ཅིང་ནས་གྲོས་མོལ་བྱས་པ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་འཐད་པ་བྱུང་བ་ཁྱབ་བསྒྲགས་བྱས། ཟླ་བཞི་བའི་ཚེས་དྲུག་ཉིན། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་གཉིས་ཀྱིས་ཉིན་དེ་ནས་བཟུང་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།