བྷང་ག་ལཱའི་བྱང་ཤར་ས་ཁུལ་དུ་རླངས་འཁོར་གཉིས་ཐོ་བརྒྱབ་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
2023.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

བྷང་ག་ལཱའི་བྱང་ཤར་ཕྱོགས་ཀྱི་ཞེ་ཨར་ཧི་ཐི་ས་ཁུལ་དུ་ཚེས་བདུན་ཉིན་གྱི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་གསར་འགོད་པར་བཤད་རྒྱུར། ས་དེའི་ཚེས་བདུན་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་ཡས་མས་སུ། དངོས་སྐྱེལ་རླངས་འཁོར་ཞིག་དང་གཞུག་སྒམ་ཅན་གྱི་རླངས་འཁོར་ཞིག་ཐོབ་བརྒྱབ་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག འདས་པོ་ཚང་མ་འཛུགས་སྐྲུན་བཟོ་བ་ཡིན་པ་རེད། མིག་སྔར་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

བྷང་ག་ལཱ་རྒྱལ་ཁབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། ལམ་མི་བདེ་བ་དང་རླངས་འཁོར་རྙིང་བ། ཁ་ལོ་བས་འགྲི་འགྲུལ་སྒྲིག་སྲོལ་མི་བརྩི་བ། འགྲིམ་འགྲུལ་སྡེ་ཁག་གིས་ལྟ་རྟོག་དོ་དམ་མི་བྱེད་པ་སོགས་ནི་འགྲིམ་འགྲུལ་དོན་རྐྱེན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།