ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ཤར་མ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་གི་ས་ཡོམ་བྱུང་།
2023.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ཤར་མ་ཞིང་ཆེན་གྱི་ལྷོ་ཕྱོགས་མཚོ་ཁོངས་སུ་ཚེས་བརྒྱད་ཉིན་གྱི་ཞོགས་པར་ཚད་རིམ་དྲུག་གི་ས་ཡོམ་བྱུང་། མིག་སྔར་མི་སྣར་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ས་དེའི་ཚེས་བརྒྱད་ཉིན་གྱི་ཞོགས་པར་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་ནི་བཀྲ་ཝ་ཤར་མ་ཞིང་ཆེན་གྱི་པཱ་ཀྲི་ཏོན་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་བཅུ་བདུན་ཡོད་པའི་མཚོ་ཁོངས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་ཟིན་བཀོད་བྱས་པ་ལྟར་ན། ས་ཡོམ་བྱུང་ས་གཙོ་བོ་དང་ཅུང་ཉེ་བའི་རྫོང་མཁར་དུ་ས་ཡོམ་གྱི་ཚོར་སྣང་ཅུང་ཙམ་ཡོད་ལ། དེའི་རྗེས་སུ་ས་ཡོམ་བྱུང་ས་གཙོ་བོའི་ཉེ་འདབས་སུ་ཚད་རིམ་གསུམ་དང་གྲངས་ཆུང་བཞི་ནས་ཚད་རིམ་གསུམ་དང་གྲངས་ཆུང་ལྔའི་བར་གྱི་ས་ཡོམ་ཆུང་བ་ཐེངས་གསུམ་བྱུང་ཟེར། ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད།

ཧིན་རྡུ་ཉི་ཞི་ཡཱ་ནི་ཞི་བདེ་རྒྱ་མཚོ་ཆེན་མོས་བསྐོར་བའི་ས་ཁུལ་དུ་གནས་པ་དང་། ལོ་རེར་ས་ཡོམ་ཆེ་ཆུང་སྟོང་ཕྲག་འགའ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།