ཚེས་བདུན་ཉིན། འཇར་པན་གྱི་མང་ཚོགས་ཀྱིས་ཏུང་ཅིང་གློག་ཤུགས་ཀུང་ཟིའི་སྤྱི་ཁྱབ་པུའུ་ཡི་སྒོ་ཁ་ནས་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་དང་ཏུང་ཅིང་གློག་ཤུགས་ཀུང་ཟི་ཡིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱས་པ་དང་། དེ་ནི་འགན་མི་ཁུར་ཞིང་ཆེས་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པའི་ཚུལ་བསྟན།
ཟླ་དྲུག་པའི་ཚེས་བརྒྱད་ཉིན་ནི་འཛམ་གླིང་རྒྱ་མཚོའི་ཉིན་མོ་རེད། ཧན་གོའི་གྲོང་ཁྱེར་སྡོད་དམངས་ཚོགས་ཁག་གིས་ཚེས་བརྒྱད་ཉིན་ཧན་གོར་སྡོད་པའི་འཇར་པན་གཞུང་ཚབ་ཁང་གི་སྒོ་ཁ་སོགས་སུ་འདུ་ཚོགས་བསྡུས་ནས། འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་རྒོལ་རྒོལ་བྱས་པ་དང་། འཇར་པན་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་འགན་མི་ཁུར་ཞིང་ཀུན་སྤྱོད་དང་མི་ལྡན་པ་ཞིག་ཡིན་པར་སྐྱོན་འཛུགས་བྱས།
རྒྱལ་སྤྱིའི་མི་སྣས་བསྟན་དོན། ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞི་དེ་འགན་མི་ཁུར་བའི་རྒྱལ་ཁབ་ཀྱི་བྱ་སྤྱོད་ཅིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་རྒྱ་མཚོའི་ཁོར་ཡུག་དང་མང་ཚོགས་ཀྱི་བདེ་ཐང་ཐད་གནོད་པ་འབྱུང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།