དབྱི་ལིང་གིས་ཚེས་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གིས་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་རུ་སྡོད་པའི་གཞུང་ཚབ་ཁང་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་སུ་སྡོད་པའི་འཐུས་མིའི་ཁྲུའུ་སླར་གསོ་བྱས།
དབྱི་ལིང་གི་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་རུ་སྡོད་པའི་གཞུང་ཚབ་ཁང་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་སུ་སྡོད་པའི་འཐུས་མིའི་ཁྲུའུ་དེ་ཚེས་བདུན་ཉིན་གྱི་དགོང་མོར་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་ནས་ཡང་བསྐྱར་དངོས་སུ་སྒོ་ཕྱེས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་པུས་ཀི་ཏི་ལེ་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་དཔོན་པོ་སོགས་མཛད་སྒོར་ཞུགས།
ཟླ་འདིའི་ཚེས་དྲུག་ཉིན། སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གཞུང་ཚབ་ཁང་ཡང་བསྐྱར་སྒོ་ཕྱེས་པ་ཡིན་ལ། དེའི་སྔོན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཐག་ཆད་པའི་དབང་གིས་སྒོ་བརྒྱབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།