ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ནས། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥ་ཀྲ་པཱ་ཏིའི་དབྱི་སི་ལན་ཆོས་ཁང་ཞིག་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། འཇབ་རྒོལ་དེ་ལས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སུམ་ཅུར་རྨས་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་སྐབས། དབྱི་སི་ལན་ཆོས་ཁང་དེའི་ནང་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཨེ་ཧཱ་མེད་ཏིས་ཀྱི་དུར་མཆོད་མཛད་སྒོ་སྤེལ་བཞིན་ཡོད། ཨེ་ཧཱ་མེད་ཏིས་ནི་ཚེས་དྲུག་ཉིན་གྱི་འཇབ་རྒོལ་ཅིག་གི་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་ཡོད།
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཚེས་བརྒྱད་ཉིན་གྱི་འཇབ་རྒོལ་དོན་རྐྱེན་ལ་འགན་ཁུར་རྒྱུ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།