བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་ཐད་ནས་ཚོགས་འདུ་བསྡུས།
2023.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་ཐད་ནས་ཚོགས་འདུ་བསྡུས། རྒྱལ་སྤྱིའི་རྩ་འཛུགས་མང་བོའི་དཔོན་རིགས་དང་། ཨ་རབ་རྒྱལ་ཁབ་ཀྱི་འཐུས་མི་མང་བོས་དབུས་ཤར་ས་ཁུལ་དུ་བྱུང་བའི་འགྱུར་ལྡོག་གི་གནས་བབ་བཟང་བོར་དགའ་བསུ་ཞུས་པ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པར་རེ་སྒུག་བྱས་ཡོད།

ཀྲུང་གོའི་འཐུས་མིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་དབུས་ཤར་ས་ཁུལ་དུ་འགྱུར་ལྡོག་གི་གནས་བབ་རབ་དང་རིམ་པ་བྱུང་ཞིང་། མཐུན་སྒྲིལ་མཉམ་ལས་དང་གྲོས་མོལ་འགྲིག་མཐུན་ལ་རྣམ་པ་བཟང་བོ་མངོན་ནས། རྙོག་འཛིང་ཆེ་བའི་འཛམ་གླིང་ལ་རེ་བ་གསར་བ་དང་དྲང་ཕྱོགས་ནུས་ཚད་རྒྱས་པར་བྱས་ཡོད། དེ་ལས་འཐབ་ཕྱོགས་འགོག་རྒོལ་ལས་ཐར་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ཞི་བདེ་དང་འཕེལ་རྒྱས་མཉམ་དུ་བརྩོན་ལེན་བྱེད་རྒྱུ་ནི་ས་ཁུལ་དེའི་རྒྱལ་ཁབ་དག་དག་མི་དམངས་ཀྱི་སེམས་ཀྱི་རེ་འདུན་ཡིན་པ་གསལ་བོར་མཚོན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།