ཐུར་ཁེའི་དམག་དོན་བཟོ་གྲྭ་ཞིག་ཏུ་འགས་གཏོར་དོན་རྐྱེན་བྱུང་ནས་མི་ལྔ་རྐྱེན་ལམ་དུ་ཤོར།
2023.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨན་ཁཱ་ལཱ་ཞིང་ཆེན་གྱི་ཨེ་ཨར་མཱ་ཏཱ་ས་ཁུལ་གྱི་མེ་ཤུགས་འཕུར་མདའ་དང་འགད་རྫས་རྒྱུ་ཆའི་བཟོ་གྲྭ་ཞིག་ཏུ་ཉིན་དེར་འགས་གཏོར་བྱུང་སྟེ་མེ་སྐྱོན་ཆེན་པོ་བྱུང་ཡོད་ལ། ཉུང་མཐར་ཡང་བཟོ་བ་ལྔ་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། བཟོ་གྲྭ་དེ་ཐུར་ཁེའི་རྒྱལ་དབང་འཕྲུལ་ཆས་དང་རྫས་འགྱུར་བཟོ་ལས་ཀུང་ཟིར་གཏོགས་པ་དང་། འགས་གཏོར་བྱུང་བའི་དུས་ཚོད་ནི་ས་དེའི་སྔ་དྲོའི་དུས་ཚོད་བརྒྱ་དང་སྐར་མ་བཞི་བཅུའི་ཡས་མས་ཡིན་ལ། སྐབས་ཐོག་དེར་བཟོ་བ་རྣམས་ལས་ཚོགས་ལ་ཞུགས་ཡོད་པ་རེད། འགས་གཏོར་བྱུང་རྗེས། མེ་གསོད་མི་སྣ་དང་མྱུར་སྐྱོབ་རླངས་འཁོར་མང་བོ་ཡུལ་དངོས་སུ་མངག་ཡོད།

ཨན་ཁཱ་ལཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཧྲ་ཞིན་གྱིས་གསལ་སྒྲོག་སྤེལ་ཏེ། འགས་གཏོར་ལས་བྱུང་བའི་མེ་སྐྱོན་ཆེན་པོ་བསད་ཡོད་ཟེར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། འགས་གཏོར་བྱུང་བའི་བྱེ་བྲག་གི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།