འཇར་པན་གྱི་པེ་ཧེ་ཏའོ་རུ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་མི་སྲིད་ཟེར།
འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་ཡོམ་ནི་ས་དེའི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ང་ལྔའི་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་བྱང་གི་འཕྲེད་ཐིག་ཞེ་གཉིས་དང་གྲངས་ཆུང་ལྔ་དང་། ཤར་གྱི་གཞུང་ཐིག་བརྒྱ་དང་ཞེ་གཉིས་མཚམས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་བཞི་བཅུ་ཡོད་ཟེར།
ཐེངས་འདིའི་ས་ཡོམ་གྱི་ཚོར་སྣང་དྲག་པོ་ཡོད་ས་ནི་པེ་ཧེ་ཏའོ་ཆན་སུའེ་གྲོང་ཁྱེར་སོགས་ཡིན་པ་དང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
གཞན་ཡང་འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་པེ་ཧེ་ཏའོ་ཞིན་ཆན་སུའེ་གནམ་གྲུ་ཐང་གིས་རྒྱུག་ལམ་ལ་ཞིབ་བཤེར་ཚད་འཇལ་བྱེད་བཞིན་ཡོད་ལ། གནམ་གྲུ་གཏོང་ཐེངས་སྐོར་ཞིག་འཕུར་འབབ་བྱེད་སྐབས་ཤུགས་རྐྱེན་ཐེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།