འཇར་པན་དང་ཧན་གོའི་ཉ་གསོ་ཐོན་ལས་ཀྱིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱས།
2023.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་ཧྥུའུ་ཏའོ་རྫོང་ཉ་གསོ་མཉམ་འབྲེལ་ལྷན་ཚོགས་སོགས་ཉ་གསོ་ཚོགས་ཁག་མང་བོའི་འཐུས་མིས་ཉེ་སྔོན་འཇར་པན་གྱི་དཔལ་འབྱོར་ཐོན་ལས་བློན་ཆེན་ཞི་ཚོན་ཁང་ཉན་དང་གྲོས་མོལ་བྱས་པ་དང་། ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་འགྱུར་མི་སྲིད་པ་ནན་བཤད་བྱས་པར་མ་ཟད། འཇར་པན་སྲིད་གཞུང་གིས་འགན་ཁུར་བའི་རྣམ་འགྱུར་བཟུང་ནས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུའི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།

གན་ཡང་ཧན་གོའི་སྨྱན་བྱད་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཧན་གོའི་ཧྥོ་ཧྲན་གྱི་ཆུའི་ཐོན་ལས་མི་སྣས་བསྟན་དོན། ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་ན་ཆུའི་ཐོན་ལས་ལ་གཏོར་བརླག་རང་བཞིན་གྱི་ཆམ་ཕབ་ཐེབས་སྲིད་པ་དང་། ཧན་གོའི་སྲིད་གཞུང་གིས་ཕན་ནུས་ལྡན་པའི་འགུལ་སྐྱོད་སྤེལ་དགོས་པ་ལས་མང་ཚོགས་ལ་ནོར་འཆུག་གི་མཛུབ་སྟོན་བྱེད་མི་རུང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།