འཇར་མན་མང་ཚོགས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་གཞི་རྒྱ་ཆེ་བའི་བར་སྣང་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས།
2023.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

འཇར་མན་གྱི་མང་ཚོགས་མང་བོ་ཚེས་བཅུ་ཉིན་ཧན་ནོའུ་ཝེ་ས་ཁུལ་གྱི་ཝུན་སི་ཐའོ་ཧྥུའུ་མཁའ་དམག་རྟེན་གཞིར་འདུས་ནས། ཚེས་བཅུ་གཉིས་ཉིན་ནས་བཟུང་མགོ་རྩོམ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་གཞི་རྒྱ་ཆེ་བའི་བར་སྣང་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས། མཁའ་དམག་རྟེན་གཞི་དེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྦྱོང་བརྡར་གྱི་མཁོ་སྒྲུབ་ལྟེ་གནས་ཡིན་པ་དང་། ངོ་རྒོལ་མཁན་གྱིས་དམག་དོན་སྦྱོང་བརྡར་དེས་ཝུའུ་ཁི་ལན་གྱི་ཉམས་ཉེན་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ལ། འཇར་མན་སྲིད་གཞུང་གིས་ནུས་པ་གང་ཡོད་བཏོན་ནས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་མཇུག་སྒྲིལ་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།