ཀྲུང་གོའི་སྲིད་གཞུང་དང་ཧོང་ཏུ་ར་སིའི་སྲིད་གཞུང་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་བཟོད་སྒོམ་བརྗེད་ཐོ་བཀོད།
2023.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཀྲུང་གོའི་སྲིད་གཞུང་དང་ཧོང་ཏུ་ར་སིའི་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཧོང་ཏུ་ར་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཟོད་སྒོམ་བརྗེད་ཐོ་བཀོད།

མཚམས་སྦྱོར་བྱས་པ་ལྟར་ན། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཐད་ཀྱི་མཐུན་གནས་སྔོག་འདོན་དང་། ཧུར་ཐག་སྒོས་སྲིད་ཇུས་འབྲེལ་འདྲིས་དང་སྒྲིག་ཆས་གཅིག་འབྲེལ། ཉོ་ཚོང་བཀག་མེད། དངུལ་ལོར་གཅིག་འདྲེས། དམངས་སེམས་གཅིག་མཐུན་བཅས་ལ་ཡར་སྐུལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་དང་དཔལ་ཡོན་དཔེར་འཛིན་ལ་སྐུལ་འདེད་བཏང་ནས། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།