ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ས་ཁུལ་གྱི་སྡེ་བ་འགར་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།
2023.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་མཐོ་སྒང་མངའ་སྡེའི་སྡེ་བ་འགར་ཉེ་སྔོན་དྲག་ཆས་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

མཐོ་སྒང་མངའ་སྡེའི་མགོ་བ་མུའུ་ཐི་ཝང་གིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ས་དེའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། མངའ་སྡེ་དེའི་ལི་ཨོ་མུའུ་ས་ཁུལ་དང་པཱ་ཅིན་ལཱ་ཏིས་ས་ཁུལ་གྱི་སྡེ་བ་འགར་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག མིག་སྔར། དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་དམིགས་ཡུལ་གསལ་བོར་མི་ཤེས་ཟེར། མུའུ་ཐི་ཝང་གིས་བསྟན་དོན། མཐོ་སྒང་མངའ་སྡེའི་སྲིད་གཞུང་གིས་དུས་ཡུན་རིང་བོར་མངའ་སྡེ་དེར་དཀའ་ཁག་བཟོ་བའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་སྣ་མང་བོར་ཤི་རྨས་བཟོས་པའམ་བཙན་ཁྲིད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།