ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཐང་ཀའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་བཅུ་དྲུག་ཉིན་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ས་ཡོམ་ཆ་འཕྲིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ནི་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་དྲུག་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ཐང་ཀའི་ཧའོ་མཱ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉིས་བརྒྱ་དང་བརྒྱད་ཅུ་ཡོད་པའི་མཚོ་ཁོངས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་རེ་བདུན་ཡོད་ཟེར།
ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་འཕྱུར་ཉེན་གཏོང་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ཐད་ནས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད།
ཐང་ཀ་རྒྱལ་ཁབ་དེ་ཞི་བདེ་རྒྱ་མཚོས་བསྐོར་བའི་མེ་རིའི་ས་ཁུལ་དུ་གནས་པ་དང་། ས་ཤུན་ཕན་ཚུན་ཐོ་བརྒྱབ་སྟེ་ས་ཡོམ་རྒྱུན་དུ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།