ཁུ་པཱ་དང་དབྱི་ལིང་གི་མགོ་ཁྲིད་པས་ཨ་མེ་རི་ཁའི་ཕྱོགས་གཅིག་གི་བཀག་སྡོམ་ལ་སྐྱོན་འཛུགས་བྱས།
2023.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་དང་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་གཉིས་ཀྱིས་ཉེ་སྔོན་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཨ་མེ་རི་ཁའི་ཕྱོགས་གཅིག་གི་བཀག་སྡོམ་ལ་ངོ་རྒོལ་བྱེད་པ་ལངས་ཕྱོགས་བསྐྱར་སྒྲོག་བྱས་པར་མ་ཟད། ཆ་འཕྲིན་ལག་རྩལ་དང་ཁྲིམས་འཛིན་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་གྲོས་མཐུན་བཀོད། ལའེ་ཞི་ཡིས་དེའི་སྔོན་ནི་ཁཱ་ར་ཀྭ་རུ་འཚམས་འདྲི་བྱེད་སྐབས་གཏམ་བཤད་སྤེལ་ནས། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་གི་འདོད་བློ་དེ་རྒྱལ་ཁབ་གཞན་པའི་མགོར་བཙན་འཇོག་བྱས་པ་དང་། དཔལ་འབྱོར་བཀག་སྡོམ་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་གཏན་འཇགས་ལ་གཏོར་བརླག་བཏང་བར་རྒོལ་གཏམ་བཏང་བར་མ་ཟད། ཁོས་གྲོས་མོལ་དང་མཉམ་ལས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས། དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པས་ཚེས་བཅོ་ལྔ་ཉིན་བསྟན་དོན། དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚང་ཁང་དེ་གཟའ་འཁོར་གཅིག་གི་ནང་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།