ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་རྒྱ་བསྐྱེད་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་བསྡུས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ཚང་འཛོམས་གྲོས་ཚོགས་ལ་ཞུགས།
བསྒྲགས་པ་ལྟར་ན། ཚང་འཛོམས་གྲོས་ཚོགས་ནས་དཔལ་འབྱོར་སྡེ་ཁག་སོགས་སྡེ་ཁག་མང་བོའི་ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བདུན་པའི་གྲོས་ཆོད་ལག་བསྟར་བྱེདད་པའི་བྱ་བའི་གནས་ཚུལ་དང་སྤྱད་པའི་འབྲེལ་ཡོད་བྱེད་ཐབས་ལ་སྤྱི་བསྡོམས་བྱེད་པ་དང་། ཏང་གི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན། རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཐག་གཅོད་བྱེད་པའི་རྒྱལ་ཁབ་ཕྱི་འབྲེལ་དང་། རྒྱལ་སྲུང་འཐབ་ཇིུས་གནད་དོན་སོགས་སྲིད་ཇུས་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་རྒྱུ་རེད།
ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཚེས་བཅུ་དྲུག་ཉིན་རྩོམ་ཡིག་སྤེལ་ཏེ། ཁྲའོ་ཞན་ངལ་རྩོལ་ཏང་གི་ཁྲའོ་ཞན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ཀྱི་ཁྲིད་སྟོན་ནུས་པ་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།