མའོ་ཞི་ཁོའི་ནུབ་བྱང་ཕྱོགས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་།
2023.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མའོ་ཞི་ཁོ་རྒྱལ་ཁབ་ས་ཡོམ་ཅུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ལྷོ་འདབས་ཀྱི་ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཉིན་དེར་ཚད་རིམ་བཞི་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།

མའོ་ཞི་ཁོའི་རྒྱལ་ཁབ་ས་ཡོམ་བརྟག་དཔྱད་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ས་དེའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ཅཱ་ལེ་ཧྥུའུ་ཉི་ཡཱ་ཞོལ་མ་མངའ་སྡེའི་ཧྲིན་ཧི་སེ་ཏི་ཨར་ཁཱ་བོ་གྲོང་ཁྱེར་ཤར་ངོས་ཀྱི་སྤྱི་ལེ་བརྒྱ་དང་ཉེར་གཉིས་ཡོད་པའི་མཚོ་ཁོངས་སུ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ལྔ་ཡོད། ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ཡིས་ཆེས་ཐོག་མར་ཚད་འཇལ་བྱས་པ་ནི་ཚད་རིམ་དྲུག་དང་གྲངས་ཆུང་དྲུག་ཡིན་ལ། དེའི་རྗེས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་དུ་སྙོམས་སྒྲིག་བྱས་པ་རེད། 

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་བྱུང་ས་གཙོ་བོའི་ཉེ་འདབས་ཀྱི་གྲོང་ཁྱེར་རེ་འགར་ས་འགུལ་གྱི་ཚོར་སྣང་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།