ཧན་གོའི་མང་ཚོགས་ཀྱིས་སཱ་ཏི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པར་ངོ་རྒོལ་བྱས།
2023.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སཱ་ཏི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་ས་སྟེ་ཧན་གོའི་ཆིན་ཧྲང་བྱང་ལམ་ཞིན་ཀྲོའུ་རྫོང་སོགས་ནས་ཡོང་བའི་མང་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཧན་གོའི་སྲིད་འཛིན་ཏང་རྒྱལ་དམངས་སྟོབས་ཤུགས་ཏང་གི་ཏང་གཙོ་ཁང་གི་མདུན་ནས་ངོ་རྒོལ་བྱ་འགུལ་སྤེལ་ཏེ། སཱ་ཏི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པར་ངོ་རྒོལ་དྲག་པོ་བྱས། ངོ་རྒོལ་བྱེད་པའི་མང་ཚོགས་ཀྱིས་སཱ་ཏི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པ་དེ་ཁྲིམས་འགལ་ཡིན་པ་དང་། དེ་ལས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་བཏང་སྟེ། མང་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱེལ་ཡོད་པའི་སྐྱོན་འཛུགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།