འཇར་པན་ཉ་གསོ་ལས་ཁུངས་ཀྱིས་ཡང་བསྐྱར་བརྡས་གཅོད་བྱས་ཏེ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱས།
2023.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་རྒྱལ་ཡོངས་ཉ་གསོག་ལས་རིགས་མཐུན་ཚོགས་མཉམ་འབྲེལ་ཚོགས་པས་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་དམིགས་བསལ་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད་དེ། ཧྥུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞིར་ངོ་རྒོལ་བྱས། དེ་ནི་ཚོགས་པ་དེས་བསྟུད་མར་ལོ་བཞི་བར་བརྡས་གཅོད་བྱས་ཏེ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱས་པ་རེད། ཉེ་བའི་ལོ་འགའི་རིང་ལ། འཇར་པན་གྱི་ས་ཁུལ་མང་བོའི་མང་ཚོགས་ཀྱིས་ངོ་རྒོལ་བྱ་འགུལ་སྣ་ཚོགས་སྤེལ་ནས། འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་བཙན་གྱིས་རྒྱ་མཚོར་གཏོང་བའི་འཆར་གཞིར་སྐུལ་འདེད་གཏོང་བར་ངོ་རྒོལ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།