ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། ལས་རེས་མི་སྣས་ཨུ་རུ་སིའི་མའོ་སི་ཁོ་དམར་ཐང་ཉེ་འདབས་སུ་དོགས་ཟོན་མཐོར་འདེགས་བྱས།
ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། ལས་རེས་མི་སྣས་ཨུ་རུ་སིའི་མའོ་སི་ཁོ་དམར་ཐང་ཉེ་འདབས་སུ་དོགས་ཟོན་མཐོར་འདེགས་བྱས།
ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། མའོ་སི་ཁོ་སོགས་ས་ཁུལ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལམ་ལུགས་ལག་བསྟར་བྱས།
ཨུ་རུ་སི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་སྤེལ་ཏེ། མའོ་སི་ཁོ་གྲོང་ཁྱེར་དང་མའོ་སི་ཁོ་མངའ་སྡེ། བོ་ལོ་ནེ་རི་མངའ་སྡེ་སོགས་སུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་འབྱུང་སྲིད་པས། ས་ཁུལ་དེ་དག་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལམ་ལུགས་ལག་བསྟར་བྱས་ཟེར། མཚམས་སྦྱོར་བྱས་པ་ལྟར་ན། འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཏན་འཁེལ་ལྟར། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལམ་ལུགས་ལག་བསྟར་བྱེད་སྐབས་དམིགས་བསལ་གྱི་བྱེད་ཐབས་དང་ཚད་བཀག་རེ་འགའ་སྤྱོད་པར་ཆོག་མཆན་བཀོད་ཡོད་པ་དང་། དེའི་ནང་སྤྱི་བའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་། ཉེན་ཁའི་ལས་རིགས་མཚམས་འཇོག་པ། འཕྲིན་གཏོང་ཁང་རླངས་འཁོར། ལམ་འགྲོ་བ་སོགས་ལ་ཚད་བཀག་བྱེད་པ་སོགས་འདུས་ཟེར།
ད་ལྟའི་ཨུ་རུ་སིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚེས་ཉེར་བཞི་ཉིན་གྱི་ཞོགས་པར། མའོ་སི་ཁོ་གྲོང་ཁྱེར་ལྟེ་གནས་ཀྱི་གནས་བབ་ཞི་འཇགས་རེད།
མའོ་སི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་སོ་པུས་ཡཱ་ཉིང་གིས་ཚེས་ཉེར་བཞི་ཉིན་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། ཁོར་འབྱོར་བའི་གནས་ཚུལ་ལྟར་ན། མའོ་སི་ཁོ་གྲོང་ཁྱེར་ནང་དུ་འཇིགས་སྐུལ་ངོ་རྒོལ་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ་བདེ་འཇགས་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཅིང་། དེའི་ནང་གཞུང་ལམ་གྱི་འགྲིམ་འགྲུལ་ཚོད་འཛིན་དང་མང་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་བར་བཀག་འགོག་བྱེད་པ་སོགས་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།