ཕུའུ་ཅིན་གྱིས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་གཅིག་གཅོད་ཀྱི་འགུལ་སྐྱོད་སྤེལ་ནས་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།
2023.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བརྙན་འཕྲིན་གཏམ་བཤད་སྤེལ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བཞི་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ངོ་ལོག་ཟིང་འཁྲུག་གི་རྩ་འཛུགས་མཁན་གྱིས་ཨུ་རུ་སིར་རྒྱབ་འགལ་བྱས་པའི་དབང་གིས་ཆད་གཅོད་ཐེབས་སྲིད་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་གཅིག་གཅོད་ཀྱི་འགུལ་སྐྱོད་སྤེལ་ནས་ཏོན་ཧི་ཆུ་བོའི་འགྲམ་གྱི་ལོ་སི་ཐའོ་ཧྥུའུ་ཡི་གནས་བབ་གཏན་འཇགས་ཡོང་བར་བྱེད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། ཨུ་རུ་སིར་རྒྱབ་འགལ་བྱས་པའི་མཐུན་སྒྲིལ་ཁ་བྲལ་གྱི་འགུལ་སྐྱོད་དེ་ངོ་བོའི་སྟེང་ནས་མི་དམངས་དང་གཡུལ་སའི་འཐབ་གྲོགས་ལ་རྒྱབ་འགལ་བྱས་པ་ཡིན་ལ། རྒྱལ་ཁབ་དང་མི་དམངས་ལ་ལྟག་རྒྱབ་ནས་གྲིས་བསྣུན་པ་རེད་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། ཟིང་འཁྲུག་ངོ་ལོག་རྩ་འཛུགས་མཁན་གྱིས་ཨུ་རུ་སིར་རྒྱབ་འགལ་བྱས་པས་ཆད་གཅོད་ནན་མོ་ཐེབས་སྲིད་ཟེར། ཁོས་ནག་ཉེས་དེའི་ནང་མི་ཞུགས་ཐབས་མེད་བྱུང་བའི་འབྲེལ་ཡོད་ཀྱི་མི་རྣམས་ཀྱིས་ནག་ཉེས་འགུལ་སྐྱོད་སྤེལ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་དང་རྒྱལ་ཁབ་ཀྱི་ལས་ཁུངས་གཞན་པར་བཀའ་རྒྱ་འབྱོར་ཡོད་ཅིང་། མའོ་སི་ཁོ་གྲོང་ཁྱེར་དང་མའོ་སི་ཁོ་མངའ་སྡེ། ས་ཁུལ་གཞན་པའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ། གཅིག་གཅོད་ཀྱིས་ཏོན་ཧི་གཙང་བོའི་འགྲམ་གྱི་ལོ་སི་ཐའོ་ཧྥུའུ་ཡི་གནས་བབ་ཞི་འཇགས་སུ་བཏང་ཡོད་ཟེར།

ཨུ་རུ་སི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། མའོ་སི་ཁོ་སོགས་ས་ཁུལ་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བ་དང་། ཉིན་དེའི་སྔ་དྲར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཝ་ཀི་ནཱ་རྩ་འཛུགས་དེ་དྲག་ཆས་ཟིང་འཁྲུག་ངན་སྐུལ་བྱས་པར་འབྲེལ་བ་ཡོད་པའི་དབང་གིས་དེའི་སྲོལ་འབྱེད་མཁན་ཕུའུ་ལི་ཀི་རིན་ལ་ཉེས་དོན་གྱོད་དོན་ཐོ་འགོད་བྱས་ཡོད་ཟེར།

ཏོན་ཧི་ཆུང་བོའི་འགྲམ་གྱི་ལོ་སི་ཐའོ་ཧྥུའུ་ནི་ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་སྤྱི་ཁྱབ་པུའུ་དང་ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དོན་འགུལ་སྐྱོད་བཀོད་འདོམ་ལྟེ་གནས་ཡོད་ས་ཡིན།


བསོད་ནམས་ཚེ་རིང་གིས་བསྒྱུར།