མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གནས་སྤོར་རྩ་འཛུགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཐུ་ནི་ཞི་ཡཱ་ནས་ལམ་དུ་ཆས་པའི་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་ལན་ཕའེ་ཏུའུ་སཱ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ལོག་པ་དང་། ཉུང་མཐར་ཡང་མི་བཞི་བཅུ་གར་སོང་རྙེད་མེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། གྲུ་གཟིངས་དེ་དྲག་རླུང་ཁྲོད་ལོག་པ་ཡིན་ལ། འགྲུལ་བ་ཞེ་དྲུག་ཡོད་པ་ཁཱ་མེ་ལུང་དང་པུ་ཁི་ནཱ་ཧྥ་སོ། ཁོ་ཐི་ཏི་ཝོར་བཅས་ནས་ཡོང་བ་རེད། སྲོག་ཉེན་ལས་བསྐྱབས་པའི་མི་འགའ་ལན་ཕའེ་ཏུའུ་སཱ་གླིང་ཕྲན་དང་ཐུ་ནི་ཞི་ཡཱ་རུ་བསྐྱལ་ཡོད་ཟེར།
ལན་ཕའེ་ཏུའུ་སཱ་གླིང་ཕྲན་དེ་དབྱི་ཐཱ་ལེའི་ཆེས་ལྷོ་ཕྱོགས་སུ་གནས་པ་དང་། ཨ་ཧྥེ་རི་ཁ་གླིང་དང་དབུས་ཤར་ཟིང་འཁྲུག་ས་ཁུལ་གྱི་ཡུལ་གྱར་བ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་དབྱི་ཐཱ་ལེའི་མངའ་ཁོངས་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པར་བགྲོད་སའི་རྒྱུ་ལམ་གལ་ཆེན་ཞིག་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།