ཝེ་ཏི་མ་ལས་ཙུང་ཐུང་དང་གྲོས་ཁང་། ས་གནས་འདེམ་བསྐོའི་བྱ་འགུལ་སྤེལ།
2023.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཝེ་ཏི་མ་ལས་ཚེས་ཉེར་ལྔ་ཉིན་ཙུང་ཐུང་དང་གྲོས་ཁང་།   ས་གནས་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་།   སྔོན་དཔག་བྱས་ན་ཐོག་མའི་སྡོམ་རྩིས་མཇུག་འབྲས་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱས།

ཐེངས་འདིའི་འདེམ་བསྐོར་འདེམས་དམངས་ས་ཡ་དགུ་དང་འབུམ་གསུམ་ཞུགས་པ་དང་།   བསྡོམས་པས་འདེམ་ཤོག་འཕེན་ས་སྟོང་གསུམ་དང་བཞི་བརྒྱ་གྱ་གཉིས་ཡོད།   འདེམ་ཐོག་འཕེན་པའི་བྱ་འགུལ་དེ་ས་དེའི་དུས་ཚོད་བདུན་ནས་མགོ་བརྩམས་ཏེ་ཕྱི་དྲོའི་དུས་ཚོད་དྲུག་སྟེང་མཇུག་སྒྲིལ་རྒྱུ་ཡིན་ལ།   སྐབས་གསར་པའི་ཝ་ཏི་མ་ལའི་ཙུང་ཐུང་དང་དང་ཙུང་ཐུང་གཞོན་པ།   རྒྱལ་ཚོགས་ཀྱི་གྲོས་མི་བརྒྱ་དང་དྲུག་ཅུ་དང་མེ་གླིང་དབུས་མའི་གྲོས་ཁང་གི་འཐུས་མི་ཉི་ཤུ། རྒྱལ་ཡོངས་ཀྱི་ཧྲི་ཀྲང་སུམ་བརྒྱ་བཞི་བཅུ་འདེམ་རྒྱུ་རེད།

བསྡོམས་པས་འདེམ་སྒུག་པ་ཉེར་གཉིས་ཀྱིས་ཙུང་ཐུང་གི་གོ་གནས་འགྲན་རྩོད་བྱེད་བཞིན་ཡོད།   དམངས་ཀྱི་འདོད་བློའི་བརྟག་དཔྱད་མང་པོ་ལས་མངོན་པ་ལྟར་ན།    རྒྱབ་སྐྱོར་ཐོབ་ཚད་ཅུང་མཐོ་བའི་འདེམ་སྒུག་པ་ནི་རྒྱལ་ཡོངས་རེ་བའི་མནའ་འབྲེལ་གྱི་འདེམ་སྒུག་པ་སང་ཏི་ལ་ཐའོ་ལེ་སི་དང་།    ཝེ་ཏི་མ་ལའི་ཙུང་ཐུང་སྔོན་མ་མིན་ཐུའི་བུ་མོ།    དེ་མིན་རིན་ཐང་ཏང་གཅིག་གྱུར་ཏང་གི་བདམ་འགྲན་མནའ་འབྲེལ་གྱི་འདེམ་སྒུག་པ་སུའུ་ལེས་ལེས་ཨོ་སི་སོགས་རེད།

ཝེ་ཏི་མ་ལའི་འདེམ་བསྐོའི་བྱེད་ཐབས་ཀྱི་གཏན་འཁེལ་ལྟར་ན།   འདེམ་སྒུག་པར་ཙུང་ཐུང་འདེམ་བསྐོའི་སྐོར་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་བརྒྱ་ཆའི་ལྔ་བཅུའི་ཡན་གྱི་འདེམ་ཤོག་ཐོབ་ན་ཐད་ཀར་རྒྱལ་ཁ་ཐོབ་པར་ངོས་འཛིན་པ་ཡིན།  གལ་ཏེ་འདེམ་ཤོག་ཕྱེད་ཀའི་ཡན་ཐོབ་མཁན་གཅིག་ཀྱང་མེད་ཚེ།   འདེམ་ཤོག་ཐོབ་ཚད་མཐོ་བའི་འདེམ་སྒུག་པ་གཉིས་སྐོར་གཉིས་པའི་འདེམ་བསྐོའི་ཁྲོད་ཞུགས་ཆོག་པ་རེད།

ཝེ་ཏི་མ་ལའི་རྩ་ཁྲིམས་གཏན་འབེབས་ལྟར་ན།   ཙུང་ཐུང་དང་ཙུང་ཐུང་གཞོན་པ་གཉིས་ཐད་ཀར་འདེམ་བསྐོའི་ཁྲོད་བདམས་ཐོན་འབྱུང་དགོས་པ་དང་།  འགན་ཡུན་ལོ་བཞི་ཡིན་ལ།   བསྟུད་འགན་ཁུར་མི་ཆོག

                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།