ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཡོ་རོབ་གླིང་དབུས་ཤར་གྱི་ཆེས་ཆེ་བའི་ཆུ་གློག་ས་ཚིགས་ཀྱི་ལས་གཞི་སྤེལ་མགོ་བརྩམས།
2023.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་པའོ་ཧེ་ཏཱ་པཱ་ཨར་ཆུ་གློག་ས་ཚིགས་ཀྱི་ལས་གཞི་ཡིས་ཚེས་ཉེར་གསུམ་ཉིན་པའོ་ཧེ་སེར་ཝེ་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐི་ལོས་པུས་ནེ་གྲོང་ཁྱེར་དུ་རྨང་འདིང་མཛད་སྒོ་སྤེལ། པའོ་ཧེ་སེར་ཝེ་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཝེ་ཧྲི་ཁི་ཝེ་ཆི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཏཱ་པཱ་ཨར་ཆུ་གློག་ས་ཚིགས་ནི་དམངས་འཚོའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ཞིང་། དོན་རྐྱེན་གལ་ཆེན་ལྡན་ལ། རྒྱུད་གཅིག་ལམ་གཅིག་གྲོས་གཞིའི་གསོན་ཤུགས་མངོན་པར་མཚོན་ཡོད་ཟེར།

ཏཱ་པཱ་ཨར་ཆུ་གློག་ས་ཚིགས་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་གླིང་དབུས་ཤར་ས་ཁུལ་ནས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཆེས་ཆེ་བའི་ཆུ་གློག་ས་ཚིགས་ཀྱི་ལས་གཞི་ཞིག་ཡིན་པ་དང་། སྒྲིག་སྦྱོར་བྱེད་པའི་འཕྲུལ་ཆས་ཀྱི་ཤོང་ཚད་ཀྲའོ་ཝ་བརྒྱ་དང་ང་དགུ་དང་གྲངས་ཆུང་ལྔ་ལྔ་ཡིན་ལ། མཇུག་མཐར་ལས་གྲུབ་རྗེས་པའོ་ཧེའི་ནུས་ཁུངས་བདེ་འཇགས་དང་ལྷད་མེད་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།