ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་ཚབས་ཆེན་དུ་གྱུར་ནས་ཨ་མེ་རི་ཁས་མེན་དབྱིན་མངའ་སྡེ་ལ་ཤུགས་རྐྱེན་ཐེབས།
2023.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར། ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་བདུན་དང་སྟོང་གཉིས་ལ་བསླེབས་ཡོད་པ་དང་། ཚད་འཛིན་བྲལ་བའི་མེ་སྐྱོན་བྱུང་ས་ཉིས་བརྒྱ་དང་ཞེ་གཅིག་ལ་བསླེབས་ཡོད། ཁཱ་ནཱ་ཏཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཤར་ལྷོ་ཕྱོགས་ཀྱི་ཁོས་པེ་ཁི་ཞིང་ཆེན་གྱི་ས་གནས་སྲིད་གཞུང་གིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཐན་སྐམ་ཆེ་བ་དང་དྲོད་ཚད་མཐོ་བའི་ནམ་ཟླ་རྒྱུན་མཐུད་ངང་བྱུང་བས། ས་ཁུལ་མང་བོའི་མེ་སྐྱོན་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཁོས་པེ་ཁི་ཞིང་ཆེན་དུ་མིག་སྔར་མེ་སྐྱོན་བྱུང་བའི་ནགས་ཚལ་གྱ་གཅིག་ཡོད་པ་དང་།

ནགས་ཚལ་མེ་སྐྱོན་གྱི་དུ་བའི་ཤུགས་རྐྱེན་དབང་གིས་ཨ་མེ་རི་ཁའི་བྱང་ཤར་ཕྱོགས་ཀྱི་མེན་དབྱིན་མངའ་སྡེའི་ཁོར་ཡུག་སྡེ་ཁག་གིས་ཚེས་ཉེར་བཞི་ཉིན་མཁའ་དབུགས་སྤུས་ཚད་ཀྱི་ཉེན་བརྡ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།