མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་དྲུག་ཉིན་ཀྲུང་གོ་ནས་ཡོང་བའི་ཞུའུ་ཧའོ་ལིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའམ་གསར་སྤེལ་འཆར་འགོད་ཁང་གི་མགོ་བའི་ལས་རོགས་པར་བསྐོ་འཇོག་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཞུའུ་ཧའོ་ལིང་གིས་རྒྱ་གར་ནས་ཡོང་བའི་ཝུའུ་ཧྲ་ལཱ་ཨོ་མའོ་ནཱ་ལི་ཡི་ཚབ་བྱེད་རྒྱུ་རེད། ཞུའུ་ཧའོ་ལིང་གིས་ཉིས་སྟོང་བཅུ་དགུ་ལོའི་ཚུན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་རོགས་པའམ་གསར་སྤེལ་འཆར་འགོད་ཁང་སྲིད་ཇུས་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་མྱོང་།
ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་ཁོས་གསར་སྤེལ་འཆར་འགོད་ཁང་མགོ་བའི་ལས་རོགས་པའམ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་མྱོང་། དེའི་སྔོན་ལ་ཞུའུ་ཧའོ་ལིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་སུ་ལས་འགན་མང་བོ་ཁུར་མྱོང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ། ཡོ་རོབ་གླིང་དང་ཨེ་ཤ་ཡཱ་དབུས་མ་སོགས་ཀྱི་ས་ཁུལ་མང་བོའི་དོན་གཅོད་ཁང་དུ་བྱ་བ་བྱས་མྱོང་།
ཞུའུ་ཧའོ་ལིང་ནི་ཀྲུང་གོའི་ཐུང་ཅི་སློབ་ཆེན་ནས་སློབ་མཐར་ཕྱིན་པ་ཡིན་ཞིང་། དེའི་རྗེས་སུ་ཨ་མེ་རི་ཁའི་ཧྲི་ཏིས་ཝུན་སི་རང་བྱུང་རྩིས་ཚན་བཟོ་སྐྲུན་རིག་པའི་སློབ་གླིང་དང་ཁོ་ལོམ་པུ་ཡཱ་སློབ་ཆེན་ནས་རབ་འབྱམས་པའི་བསླབ་གནས་ཐོབ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།