ཉིས་སྟོང་ཉེར་གསུམ་ལོའི་ཨེ་ཤ་ཡཱའི་ནུས་ཁུངས་གླེང་སྟེགས་ཅི་ལུང་ཕའོ་ནས་སྤེལ་མགོ་བརྩམས།
2023.06.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨེ་ཤ་ཡཱའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་འཆར་འགོད་བྱེད་པ་བརྗོད་སྙིང་ཡིན་པའི་ཉིས་སྟོང་ཉེར་གསུམ་ལོའི་ཨེ་ཤ་ཡཱའི་ནུས་ཁུངས་གླེང་སྟེགས་དེ་ཚེས་ཉེར་དྲུག་ཉིན་ཅི་ལུང་ཕའོ་ནས་སྤེལ་མགོ་བརྩམས།

མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་གྱིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ནུས་ཁུངས་བདེ་འཇགས་དང་ཁག་ཁུར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཀྱི་དོ་མཉམ་ནན་བཤད་བྱས་པ་དང་། ཚོགས་ཞུགས་ཀྱི་ལས་རིགས་སོ་སོའི་མི་སྣས་བློ་འདོན་ཇུས་འབུལ་བྱས་ཏེ། ཨེ་ཤ་ཡཱའི་རྒྱུན་མཐུད་འཕེལ་རྒྱས་ཐད་ཟོལ་མེད་ཀྱི་ལག་བསྟར་ཐུབ་པའི་ཇུས་གཞི་དང་ལས་གཞི་བཏོན་ནས། ཕྱིར་གཏོང་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་བཟོད་སྒོམ་རང་བཞིན་གྱི་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་བར་རེ་བཞིན་པའི་ཚུལ་བསྟན།

ཚོགས་ཡུན་ཉིན་གསུམ་ཡིན་པའི་ཉིས་སྟོང་ཉེར་གསུམ་ལོའི་ཨེ་ཤ་ཡཱའི་ནུས་ཁུངས་གླེང་སྟེགས་ལ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ལྷག་ནས་ཡོང་བའི་ལས་རིགས་ཀྱི་གཙོ་འཛིན་དང་། ཆེད་མཁས་པ། དངུལ་གཏོང་མཁན། སྲིད་ཇུས་གཏན་འབེབས་མཁན་སོགས་མཉམ་དུ་འཛོམས་ཏེ། ཐཱན་ཐར་སྲིད་ཇུས་དང་ལག་རྩལ། ནུས་ཁུངས་སྲིད་ཇུས། དངུལ་ལོར། དངུལ་གཏོང་རྣམ་པ་སོགས་གླེང་གཞི་རབ་དང་རིམ་པའི་དམིགས་ནས་གྲོས་མོལ་གང་ལེགས་བྱས་ཤིང་། ཇི་ལྟར་ཨེ་ཤ་ཡཱའི་ཐཱན་ཉུང་འཕེལ་རྒྱས་ཀྱི་བགྲོད་ལམ་ཇི་ལྟར་ཇེ་ཡངས་སུ་གཏོང་བར་མཉམ་དུ་གྲོས་བསྡུར་བྱས་ནས། ས་གནས་ཀྱི་ནུས་ཁུངས་ཐོན་ལས་ཀྱི་སྦས་ཤུགས་གསར་བ་སྔོག་འདོན་བྱས་ཐོག་ཨེ་ཤ་ཡཱ་ས་ཁུལ་དུ་ཕྱིར་འདོན་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།