ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ལ་ཞུགས་པའི་ནུབ་ཕྱོགས་དམག་དཔུང་གི་འབུམ་དམག་ག་གེ་མོའི་གཡུལ་སའི་བཀོད་འདོམ་ཁང་ལ་རྟོག་ཞིབ་བྱས།
བསྒྲགས་པ་ལྟར་ན། ཧྲའོ་དབྱེ་ཀུའུ་ཡིས་བཀོད་འདོམ་ཁང་ནས་འབུམ་དམག་དེའི་དམག་སྤྱི་ནེ་ཅི་ཧྥུའུ་ལོ་ཧྥུའུ་ཡི་མིག་སྔའི་གནས་བབ་སྐོར་གྱི་གནས་ཚུལ་སྙན་ཞུར་ཉན། ནེ་ཅི་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་ཧྲའོ་དབྱེ་ཀུའུ་ལ་ནུབ་ཕྱོགས་དམག་དཔུང་གི་རྗེས་གྲབས་དམག་དཔུང་གི་རྩ་འཛུགས་དང་འཐབ་འཁྲུག་གི་བཀོད་སྒྲིག་གནས་ཚུལ་སྙན་ཞུ་བྱས། ཧྲའོ་དབྱེ་ཀུའུ་ཡིས་བཀོད་འདོམ་ཁང་གི་གྲོས་ཚོགས་སྟེང་བཤད་རྒྱུར། ནུབ་ཕྱོགས་དམག་དཔུང་གིས་ས་ཁོངས་རང་གི་དགྲ་བོའི་དམག་དོན་སྟོབས་ཤུགས་རྙེད་ནས་གཏོར་བཤིག་བཏང་བའི་ནུས་ཚད་ཧ་ཅང་མཐོ་ཟེར། ཁོས་ནུབ་ཕྱོགས་དམག་དཔུང་གི་བཀོད་འདོམ་པུའུ་ཡིས་མུ་མཐུད་དུ་མྱུལ་ཞིབ་གང་ལེགས་བྱས་ནས། དགྲ་བོས་འཆར་གཞི་ལག་བསྟར་བྱེད་པར་སྔ་མོ་ནས་དོགས་ཟོན་དང་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།