སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་སུའུ་ཏན་དྲག་ཆས་དམག་དཔུང་གི་བཟུང་དམག་བརྒྱ་ཕྱིར་བཏང་བ་ཁྱབ་བསྒྲགས་བྱས།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དམར་མཆོད་དུས་ཆེན་དང་མི་ཆོས་རིང་ལུགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་བཏང་སྟེ། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དམར་མཆོད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་སུའུ་ཏན་དྲག་ཆས་དམག་དཔུང་གི་བཟུང་དམག་བརྒྱ་ཕྱིར་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར།
སྔ་ཉིན་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དམར་མཆོད་དུས་ཆེན་ཐོན་ལས་ཉེ་བའི་སྐབས་སུ་དུས་ཚོད་ཞེ་བརྒྱད་རིང་ཕྱོགས་གཅིག་ནས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱེད་སྐབས། སུའུ་ཏན་དྲག་ཆས་དམག་དཔུང་གིས་དོན་དེར་རྣམ་འགྱུར་ཅི་ཡང་བསྟན་མེད།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་མུ་མཐུད་དུ་རྒྱལ་ས་ཁཱ་ཐུའུ་མུའུ་ཡི་ས་གནས་མང་བོ་ནས་འཁྲུག་རྩོད་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།